60151

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞང་ཚེ་སྤང་ཆོས་ཀྱི་བླ་མ་ (1)
Part of speech མིང་ཚིག
Definition དུས་རབས་དང་པོ་སྨད་དུ་འཁྲུངས། རྔོག་བློ་ལྡན་ཤེས་རབ་ཀྱི་སློབ་མ་ཡིན། སྤྱིར་དགེ་བའི་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། བྱེ་བྲག་རྔོག་བློ་ལྡན་ཤེས་རབ་ལས་ཚད་མ་རིག་པ་སོགས་ཆོས་སྐོར་རྣམས་ལེགས་པར་བསླབས། རབ་བྱུང་གཉིས་པའི་ས་གླང་ཕྱི་ལོ་ ༡༡༠༩ ལོར་རྔོག་བློ་ལྡན་ཤེས་རབ་ཀྱི་རྒྱལ་ཚབ་ཏུ་བསྐོས། ལོ་ངོ་སོ་གཉིས་རིང་གསང་ཕུ་ནེའུ་ཐོག་གི་གདན་ས་པ་མཛད། སློབ་མའི་གཙོ་བོ་ནི་ཉང་བྲན་པ་ཆོས་ཀྱི་ཡེ་ཤེས་ཡིན། ཚད་མ་རིག་པའི་འགྲེལ་བ་འགའ་ཞིག་མཛད་ཡོད། གསང་ཕུ་ནེའུ་ཐོག་གི་གདན་རབས་གསུམ་པ་ཡིན།

{{#arraymap:ཞང་ཚེ་སྤང་ཆོས་ཀྱི་བླ་མ་

|; |@@@ | | }}