60162
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བདུན་པའི་ཤིང་སྤྲེལ་ཕྱི་ལོ་ ༡༤༠༤ ལོར་མངའ་རིས་ཞང་ཞུང་དུ་འཁྲུངས། རབ་བྱུང་བརྒྱད་པའི་ས་གླང་ཕྱི་ལོ་ ༡༤༦༩ ལོར་ནགས་ཤོད་སྦུས་མདའ་རྣམ་རྒྱལ་དཔལ་འབར་དུ་སྐུ་གཤེགས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་སློབ་པ་ནས་བསླབ་བྱའི་གནས་ཀུན་སློབ་དཔོན་གྱིས་ལན་རེ་གཉིས་གསུངས་རྗེས་ཐུགས་སུ་ཆུད། དབུས་སུ་རྗེ་ཡབ་སྲས་གསུམ་དང་མཚུངས་མེད་ཆོས་རྗེ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས། མདོ་རྒྱུད་ཀྱི་བཤད་ལུང་དང་། ཟབ་མོའི་དབང་ཁྲིད་རྗེས་གནང་དང་བཅས་པ་མནོས། སྒྲ་ཚད་སྙན་ངག་ཀུན་མཁས་པར་སྦྱངས། རྗེའི་སློབ་ཚོགས་ཁྲོད་ཀྱི་ཕུལ་བྱུང་རྣམ་དཔྱོད་གཉིས་ཀྱི་ཡ་གྱལ། སོ་ལྔ་པར་རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་མཛད་དེ་དགའ་ལྡན་པའི་བསྟན་འཛིན་ནང་ལ་སྙན་ངག་འདི་ལས་མཁས་པ་མ་བྱུང་སྐད། ནགས་ཤོད་སྦུས་མདའི་གདན་སར་ཕེབས་ནས་འཆད་ཉན་མཛད། ང་ལྔ་པར་ཆབ་མདོ་བྱམས་པ་གླིང་གི་གདན་སར་ཕེབས་ཏེ་ཕར་ཕྱིན་དང་རྒྱུད་སྡེའི་ཆོས་འཁོར་བསྐོར། གཞན་དགོན་སྡེ་ཆེན་པོ་གུ་རུ་དཔལ་འཁོར་གྱི་ཁྲིར་བྱོན། འཆད་རྩོད་རྩོམ་གསུམ་ལ་འབུངས། གསུང་རྩོམ་ནི་དཔལ་དུས་ཀྱི་འཁོར་ལོའི་རྣམ་བཤད་དང་། རྟེན་འབྲེལ་བསྟོད་པའི་འགྲེལ་བ། ལྟ་ཁྲིད། ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་ཚིགས་བཅད། མི་ལ་རས་པར་བསྟོད་པ། རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་བཅས་ཆོས་ཚན་བཅོ་ལྔར་བཞུགས། |
{{#arraymap:ཞང་ཞུང་ཆོས་དབང་གྲགས་པ་
|; |@@@ | | }}