6019
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོད་ཀྱི་སྟོད་མངའ་རིས་སྤུ་ཧྲེང་ས་ཆར་ཡོད་པའི་གངས་རི་ཞིག་གི་མིང་སྟེ། ནང་པ་སངས་རྒྱས་པ་དང་། གཡུང་དྲུང་བོན། དེ་བཞིན་ཧིན་དྷུ་ཆོས་ལུགས་པ་ཚང་མས་གནས་རི་རྩ་ཆེན་ཞིག་ཏུ་བརྩི་བ་ཡིན། མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅུ་བཞི་དང༌། གངས་རིར་བསྐོར་བ་ཆ་ཚང་གཅིག་ཐེབས་པའི་འཁོར་ཚད་སྤྱི་ལེ་ལྔ་བཅུ་ང་གཉིས། གངས་རིའི་བསྐོར་ལམ་གྱི་གཙོ་གནད་སྒྲོལ་མ་ལ་ཡི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ལྔ་སྟོང་བདུན་བརྒྱ་ཉི་ཤུ་རྩ་གསུམ། གངས་སྐོར་ཆ་ཚང་གཅིག་ཐེབས་པར་ཉིན་ཁ་ཤས་འགོར་གྱི་ཡོད་པ་དང༌། གངས་རི་ཏི་སེ་འདི་ཡོངས་གྲགས་སུ་ཀརྨ་བཀའ་བརྒྱུད་དང༌། འབྲི་གུང་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། དགེ་ལུགས་བཅས་ཚང་མས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང་མངོན་པ་མཛོད་ནས་བཤད་པའི་གངས་རི་ཏི་སེ་ཡིན་པར་གཅིག་གྱུར་གྱིས་ཞལ་གྱིས་བཞེས་པ་ཡིན་ཡང༌། ས་སྐྱ་པཎ་ཆེན་གྱིས་མཛད་པའི་སྡོམ་གསུམ་རབ་དབྱེ་རྩ་བ་དང༌། དེའི་རང་འགྲེལ་བཅས་ལས་དེང་སང་བོད་དུ་ཡོངས་སུ་གྲགས་པའི་གངས་རི་ཏི་སེ་འདི་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་ནས་གསུངས་པ་དང་མངོན་པ་མཛོད་ནས་བཤད་པའི་གངས་ཏི་སེ་མ་ཡིན་པའི་སྒྲུབ་བྱེད་འགའ་ཞིག་གསུངས། རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་པའི་ནང་གསེས་དབང་ཕྱུག་པ་དང་གཅེར་བུ་པ་སོགས་ལྷ་དབང་ཕྱུག་ལ་སྐྱབས་གནས་སུ་འཛིན་པ་རྣམས་ཀྱིས་གངས་ཏི་སི་འདི་བཞིན་ལྷ་ཆེན་དབང་ཕྱུག་ཆེན་པོའི་བཞུགས་གནས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་སྟོན་པ་གཤེན་རབས་མི་བོ་མཆོག་ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན་པར་ངོས་འཛིན་པའི་གནས་བཤད་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ཅེས་པ་ཞིག་བརྩམས་ཡོད་པ་བཅས། མངོན་པ་མཛོད་དང༌། ཡོངས་གྲགས་ཀྱི་ངག་རྒྱུན་ལ། གངས་རི་ཆེན་པོ་ཏི་སེ་ནི་གངས་རི་རང་བྱུང་གི་མཆོད་རྟེན་དབྱིབས་ཅན་དུ་ཡོད་པ་དང༌། འཛམ་བུ་གླིང་གི་ཆུ་བོ་ཆེན་པོ་བཞིའི་ཆུ་འགོ་ཡིན་པ་སྟེ། ཤར་ཕྱོགས་ཀྱི་བྲག་རྟའི་ཁ་འདྲ་བ་ནས་རྟ་མཆོག་ཁ་འབབ། ལྷོ་ཕྱོགས་ཀྱི་བྲག་རྨ་བྱའི་ཁ་འདྲ་བ་ནས་ཆུ་བོ་རྨ་བྱ་ཁ་འབབ། ནུབ་ཕྱོགས་ཀྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་གླང་ཆེན་ཁ་འབབ། བྱང་ཕྱོགས་ཀྱི་བྲག་སེང་གེའི་ཁ་འདྲ་བ་ནས་ཆུ་བོ་སེང་གེ་ཁ་འབབ། |
Synonyms | ཏི་སེ། ཀཻ་ལ་ཤ གང་གཱའི་མ། གང་གཱའི་ཡབ། དབྱིག་གི་ལྟེ་བ། ལྟེ་བ་བཟང་། ཧི་མ་ལ་ཡ་བྱང་མ། ལྷ་ཡི་རི་བོ། |
{{#arraymap:གངས་ཏེ་སེ་
|; |@@@ | | }}