60191

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞང་སྟོན་གཟི་བརྗིད་འབར་བ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་དཀྱིལ་དུ་ཡར་ལུང་གར་པར་ཡབ་དགེ་བཤེས་བསོད་ནམས་དབང་ཕྱུག་དང་། ཡུམ་མེར་བཟའ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་གཉགས་སྙིང་པོ་རྒྱལ་མཚན་ལས་རབ་ཏུ་བྱུང་། བྱམས་ཆོས་སྡེ་ལྔ་སོགས་ནན་ཏན་བསླབས། རི་བོང་ཞིག་ལྡུམ་རར་འོང་བར་རྡོས་གཞུས་ཏེ་རྐང་པ་བཅགས། སྨན་བཅོས་མཛད་དེ་དྲག་པས་རི་བོང་སྨན་པ་ཞེས་གྲགས། གཡའ་གྱོང་པོ་དང་། ལྷ་རྗེ་སུམ་སྨན། མཐའ་བཞི། སྟོང་སྨན། འཕན་ཡུལ་དར་སྨན་བདུད་རྩི། གཡུ་ཐོག་རྒྱ་གར་རྡོ་རྗེ། མི་ཉག་ཟླ་གྲགས་བྲང་ཏི་རྒྱལ་བ། བི་ཇི་ལྷུན་ནི། འུག་པ་ཆོས་སེང་སོགས་ལས་གསོ་དཔྱད་སྦྱངས། རབ་བྱུང་དང་པོའི་མེ་འབྲུག་ཕྱི་ལོ ༡༠༧༦ ལོར་རྒྱ་གར་དུ་བྱོན། དྲང་སྲོང་ཙནྡྲ་བསྟེན་ནས་ཡན་ལག་བརྒྱད་པ་སོགས་བསླབས། ཕྱིར་བོད་དུ་ཕེབས། གསོ་དཔྱད་ཀྱི་འཆད་ཉན་བསྐྱངས། སློབ་མ་གྲགས་ཆེ་བ་ནི་ལྷ་སའི་བལ་ཆུང་དང་། འོལ་ཁའི་རྫིང་ཆུང་། གཉལ་གྱི་རོག་ཆུང་། སྐྱོགས་ཤེས་རབ་ཁྲི་བཞི་ཡིན། གསུང་རྩོམ་ནི་གཞུང་དྲི་མེད་གཟི་བརྗིད་ལེའུ་བཞི་པ་དང་། ཉི་མའི་འོད་ཟེར། དཔེ་སྟོན་གྲངས་ཀྱི་ཕྲེང་བ་བཅས་བཞུགས།
Synonyms རི་བོང་སྨན་པ།

{{#arraymap:ཞང་སྟོན་གཟི་བརྗིད་འབར་བ་

|; |@@@ | | }}