60193

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞང་སྟོན་དགྲ་འཇིགས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་དཀྱིལ་དུ་སྲུག་གན་པ་བར་འཁྲུངས། འཁྲུངས་སྐབས་འབྲུག་སྒྲ་དང་ལྷན་གློག་གཡོ་བ་བྱུང་བས་དགྲ་གཅིག་དེ་ན་རེ། འདི་འདྲ་འོང་བ་འཇིགས་ཟེར་བས་དགྲ་འཇིགས་སུ་མཚན་གསོལ། དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་སྦྱངས། སྲུ་པ་རྡོ་རྗེ་རྒྱལ་པོ་ལས་རབ་ཏུ་བྱུང་། ས་སྐྱ་ནས་ཚད་མ་སྡེ་བདུན་ཐོས་མཛད། ཉེར་གསུམ་པར་གྲྭ་སྐོར་མཛད་པས་མཁས་པར་གྲགས་པ་བྱུང་། བྱམས་ཆོས་སྡེ་ལྔ་དང་། ས་སྡེ་ལྔ། མངོན་པ་གོང་འོག་བཅས་ཐུགས་གཉེར་གནང་། དགེ་བཤེས་ཞིང་མོ་ཆེས་མཁན་པོ་མཛོད་གསུངས་པ་ལྟར་མཁན་པོ་མཛད་པས་འདུལ་བ་ལུང་སོགས་ཐུགས་ལས་གསུངས་པར་གྲྭ་པ་ལྔ་བརྒྱ་ཙམ་རེ་འདུས། ཐུགས་དམ་གྱི་འཐིལ་སྨན་བླ་དང་སྒྲོལ་མ་ལ་མཛད་པས་སྒྲོལ་མ་དང་། སྨན་བླ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅས་ཀྱིས་ཞལ་གཟིགས། རྟོགས་པ་ཁྱད་པར་ཅན་རྒྱུད་དུ་འཁྲུངས། སྲུ་པའི་མདུན་དུ་ཕེབས། བདག་རི་ཁྲོད་དུ་འགྲིམ་ཞུས་ཀྱང་གནང་བ་མ་སྟེར་བར་གདན་ས་འཛིན་དགོས་གསུངས། ཤེལ་གྱི་སྤྱན་རས་གཟིགས་ཀྱང་གནང་། ལོ་ངོ་གསུམ་ཙམ་སོང་རྗེས་གདན་ས་དགེ་བཤེས་བྱང་ཡེས་ལ་གཏད་ཅིང་རྫ་རི་རིན་ཆེན་སྤུངས་པར་ཕེབས་ཏེ་སྒྲུབ་ཉམས་ལེན་མཛད། རེ་གཅིག་པ་སྐུ་གཤེགས། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་བརྒྱུད་པའི་གདམས་རྒྱུན་འཛིན་མཁན་ཡིན། སློབ་མའི་གཙོ་བོ་ནི་མཁན་ཆེན་རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ་ཡིན།

{{#arraymap:ཞང་སྟོན་དགྲ་འཇིགས་

|; |@@@ | | }}