60195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞང་སྟོན་བསྟན་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཤིང་བྱ་ཕྱི་ལོ་ ༡༨༢༥ ལོར་མདོ་སྨད་རྩེ་གཞུང་དུ་ཡབ་སྙིང་དཀར་འབུམ་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་པདྨ་འབུམ་ཞུ། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བདུན་པར་རྗེ་དཀོན་མཆོག་རྒྱ་མཚོ་ལས་རབ་ཏུ་བྱུང། མཚན་ལ་དཀོན་མཆོག་ཐབས་མཁས་ཞེས་གསོལ། བཅུ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། བཅོ་ལྔ་པར་བསྡུས་གྲྭའི་ཚོགས་རྒྱུགས་ཕུལ། བློ་རིགས་དང་། རྟགས་རིགས། གྲུབ་མཐའ། དོན་བདུན་ཅུ་སོགས་ཐུགས་འཛིན་མཛད། ཉེར་གཅིག་པར་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས། མཚན་ལ་བསྟན་པ་རྒྱ་མཚོ་ཞེས་གསོལ། འདུལ་བ་ལུང་སྡེ་བཞི་ཐུགས་བརྩོན་མཛད། དགུན་ཆོས་ལ་ཚོགས་བསགས་རབ་འབྱམས་པའི་མཚན་བཏགས་གནང་། སུམ་ཅུ་པར་ཐུའི་བཀྭན་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་གནང་བར་པེ་ཅིང་ལ་ཕེབས། ཕྱིར་བོད་དུ་ཕེབས། གསུམ་པར་དགོན་ལུང་དུ་ཕེབས། ལོ་གཉིས་རིང་ཆོས་འཁོར་བསྐོར། ཞེ་གསུམ་པ་ནས་ལོ་བདུན་ཙམ་རིང་གོང་ས་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་མཚན་ཉིད་གསན་སྦྱོང་གི་ཞབས་འདེབས་ཞུས། ཐུའུ་ཧོ་ཐོག་ཐུ་བློ་བཟང་བཤད་སྒྲུབ་དབང་ཕྱུག་དང་། ཝང་སྤྲུལ་སྐུ་བློ་བཟང་དར་རྒྱས་རྒྱ་མཚོ། སུམ་པ་མཁན་ཆེན་སོགས་བླ་སྤྲུལ་མང་པོའི་གཙོས་ཚོགས་ཡོངས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་བསྩལ། རེ་བརྒྱད་པར་གདན་སར་ཕེབས་ནས་འཆད་ཉན་མཛད། རབ་བྱུང་བཅོ་ལྔ་པའི་མེ་བྱ་ཕྱི་ལོ་ ༡༨༩༧ ལོར་སྐུ་གཤེགས། གསུང་རྩོམ་ནི་རྟོགས་བརྗོད་དང་། ལམ་རིམ་གྱི་བཤད་ལུང་། ས་ལམ་རྣམ་གཞག། སྒྲུབ་ཐབས། ཁྲིད་ཡིག བླ་མའི་རྣལ་འབྱོར། བསླབ་བྱ་བཅས་ཆོས་ཚན་དོན་དགུ་ཡོད་པ་པོ་ཏི་བཞིར་བསྡུས་ནས་བཞུགས།
Synonyms ཨ་ཁུ་ཐབས་མཁས་ཚང་།

{{#arraymap:ཞང་སྟོན་བསྟན་པ་རྒྱ་མཚོ་

|; |@@@ | | }}