60197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞང་སྟོན་རྒྱལ་བོ་བསོད་ནམས་གྲགས་ (1)
Part of speech མིང་ཚིག
Definition གསང་བདག་སྤྲུལ་པ་ཞང་སྟོན་རྒྱ་བོ་བསོད་ནམས་གྲགས་ཕྱི་ལོ་ ༡༢༩༢ ལྕགས་ཕོ་འབྲུག་ལོར་ཡུལ་སྐྱིད་ཤོད་དུ་སྐུ་འཁྲུངས། དགུང་ལོ་དྲུག་ནས་བསླབ་སྦྱངས་ཀྱིས་མཁས་གནས་ཐོབ། ལོ་བཅུ་བཞི་སྐོར་ནས་ཕར་ཚད་སོགས་དང༌། སྒྲ་རིག་སོགས་བྱང་ཆུབ་པས་ལ་སྟོད་ཞྭ་ལུ་སོགས་ལ་གྲྭ་སྐོར་མཛད་དུས་རྗེ་རང་བྱུང་པས་ཀུན་མཁྱེན་ཆེན་པོའི་མཛད་སྤྱོད་གསུངས་པས་དད་པ་འཁྲུངས་ཏེ་ཆོས་རྗེའི་དྲུང་ནས་རྭ་འབྲོའི་དུས་འཁོར་དབང་སོགས་ཟབ་ཁྲིད་དཔག་མེད་གསན། ཉམས་རྟོགས་ཕུན་སུམ་ཚོགས་པ་སྐྱེས། གཞན་ཡང་སེམས་འགྲེལ་སོགས་ཟབ་བཀའ་མང་པོ་ཞུས། རེ་བཞི་ལ་ལྷ་དབང་བས་དཔལ་སྟེང་གི་དགོན་གཞི་ཕུལ་དེར་གཙུག་ལག་ཁང་དང་རྟེན་གསུམ་བཞེངས། ལོ་བཅོ་ལྔར་རྒྱུད་འགྲེལ་གསུངས་པས་བུ་སློབ་མཁས་པ་མང་པོ་བྱུང༌། དཀའ་འགྲེལ་སོགས་གསུང་ཆོས་ཀྱང་ཡོད། དགུང་ལོ་དོན་དགུ་ཕྱི་ལོ་ ༡༣༧༠ ལྕགས་ཕོ་ཁྱི་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་བརྒྱད་ལ་ཕུལ་བྱུང་མཛད་པས་འདས་སོ། །

{{#arraymap:ཞང་སྟོན་རྒྱལ་བོ་བསོད་ནམས་གྲགས་

|; |@@@ | | }}