60201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞང་སྣ་ནམ་ཡེ་ཤེས་སྡེ་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་དཀྱིལ་དུ་འཁྲུངས། རྟེན་རབ་བྱུང་ཡིན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་ཞུས། སྒྲུབ་པ་ཉམས་ལེན་ལ་བརྩོན་པས་གྲུབ་པ་ཐོབ་སྟེ། གྲུབ་མཐའ་ཤེལ་གྱི་མེ་ལོང་ལས། སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང་། ཞེས་གསུངས། ལེགས་སྦྱར་སྐད་ལ་བྱང་བའི་ལོ་ཙཱ་བ་ཞིག་ཀྱང་ཡིན། རྔོག་བློ་ལྡ་ཤེས་རབ་ཀྱིས་བསྔགས་བརྗོད་མཛད། གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་དང་། ཤེས་རབ་ཁྲི་བ། ཤེར་ཕྱིན་སྒོ་ཉི་ཤུ་རྩ་ལྔ་བ། མདོ་སྡེ་ཕལ་པོ་ཆེའི་ཉེར་དགུ སྡོམ་གསུམ་བསྟན་པའི་ལེའུ། གསང་བ་བསམ་གྱི་མི་ཁྱབ་པ་བསྟན་པའི་ལེའུ། རྨི་ལམ་བསྟན་པའི་ལེའུ། འོད་དཔག་མེད་ཀྱི་ཞིང་བཀོད་པའི་ལེའུ། དེ་བཞིན་གཤེགས་པ་མི་འཁྲུངས་པའི་བཀོད་པའི་ལེའུ། འཕགས་པ་ཆོས་བཅུ་བའི་ལེའུ། འཕགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ལེའུ། འཕགས་པ་རྒྱ་ཆེ་རོལ་པ་བམ་པོ་བཅོ་བརྒྱད་པ། ལྷ་མོ་བརྒྱད་ཀྱི་གཟུངས་སོགས་དང་། བསྟན་འགྱུར་ལས་ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་ལ་བསྟོད་པ་དང་། འཕགས་པ་སྒོ་དྲུག་པའི་གཟུགས་ཀྱི་རྣམ་པར་བཤད་པ། སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་བ། རིགས་པ་དྲུག་ཅུ་པའི་འགྲེལ་བ། སུམ་ཅུ་པའི་འགྲེལ་བཤད་བམ་པོ་ལྔ་བ་བཅས་མང་དུ་བཞུགས །

{{#arraymap:ཞང་སྣ་ནམ་ཡེ་ཤེས་སྡེ་

|; |@@@ | | }}