60232
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་དགུ་པའི་མགོར་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། དགེ་བསྙེན་ནས་བསྙེན་རྫོགས་བར་གྱི་སྡོམ་པ་གཙང་བཞེས་གནང་། ཡི་གེའི་སྦྱོར་ཀློག་དང་། མདོ་སྔགས་རིག་གནས་ཀུན་ལ་ཐུགས་བརྩོན་མཛད། རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ཕྱི་ལོ་ ༡༨༤༠ ལོར་དུས་འཁོར་སྐོར་གྱི་དཔེ་ཆ་མང་པོ་ཕྱག་བྲིས་གནང་། གསུང་རྩོམ་ནི་དཔལ་འཁོར་ལོ་སྡོམ་པ་ལུས་དཀྱིལ་གྱི་སྒྲུབ་ཐབས་མདོར་བསྡུས་དང་། ཀླུ་གསོ་བའི་ཆོ་ག་ནོར་བུའི་ཟླ་འོད། ཐུན་དྲུག་གི་རྣལ་འབྱོར་རྒྱས་པ་སྡོམ་བརྩོན་དགའ་སྐྱེད། ཕ་མར་བསྙེན་བཀུར་བའི་བསླབ་བྱ། དགེ་སློང་མའི་ལྟུང་བྱེད་འབའ་ཞིག་པས་མ་གོས་པར་བྱེད་ཚུལ། སྤྱོད་འཇུག་གི་འགྲེལ་བ་བསྐལ་བཟང་། གྲུབ་མཐའ་སོ་སོའི་འདོད་ཚུལ། བསླབ་བྱ་མུ་ཏིག་དཀར་པོའི་ཕྲེང་བ། བསླབ་བྱ་དྲིན་ཅན་རྩ་རྒྱུད་མ་བཅས་ཆོས་ཙན་ཉིས་བརྒྱ་ལྔ་བཅུ་ལོངས་པའི་པོད་བཅུ་བཞུགས། |
{{#arraymap:ཞབས་དྲུང་ངག་དབང་ཚེ་རིང་
|; |@@@ | | }}