60236

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞབས་དྲུང་ལྷ་པ་བློ་བཟང་འཕྲིན་ལས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བདུན་པའི་དཀྱིལ་དུ་དབུས་ཕྱོགས་སུ་འཁྲུངས། ཆུང་དུས་ནས་ཞབས་དྲུང་གོང་མའི་ཡང་སྲིད་དུ་ངོས་བཟུང་། རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། དྲུང་པ་བརྩོན་འགྲུས་རྒྱལ་མཚན་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་དབེན་ས་སྙན་བརྒྱུད་དང་། ལམ་རིམ། བླ་མ་མཆོད་པ། སྙིང་པོ་དོན་གསུམ། དགའ་ལྡན་ཕྱག་རྒྱ་ཆེན་པོ་བཅས་ཀྱི་ཁྲིད་ཞུས། སྒོམ་སྒྲུབ་ཉམས་ལེན་གྱིས་མངོན་རྟོགས་བརྙེས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་སྨྱང་གནས་ཀྱི་སྡོམ་པ་མནོས། ཐུགས་རྗེ་ཆེན་པོའི་ཆོས་སྐོར་དར་རྒྱས་བསྐྱངས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་སྣར་ཐང་བྱང་ཆེན་གྱི་བླ་མར་བསྐོས། གདུལ་བྱ་མང་པོར་ལམ་རིམ་སོགས་མདོ་སྔགས་ཀྱི་ཆོས་འཁོར་བསྐོར། སློབ་ཚོགས་ལས་མཆོག་ཏུ་གྱུར་པ་ནི་བྱ་བྲལ་བློ་བཟང་རྣམ་རྒྱལ་ཡིན། གསུང་རྩོམ་ནི་རྟེན་འབྲེལ་གྱི་ཆོས་སྐོར་དང་། ལམ་རིམ་གྱི་ཁྲིད་གཞན་ཕན་སྙིང་པོ་བཅས་བཞུགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཞེ་དགུ་པ་ཡིན།

{{#arraymap:ཞབས་དྲུང་ལྷ་པ་བློ་བཟང་འཕྲིན་ལས་

|; |@@@ | | }}