60277

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞབས་ལྷམ་ (1)
Part of speech མིང་ཚིག
Definition ལྷམ་གྱི་མིང་། རྒྱུད་སྟོད་གྲྭ་ཚང་གི་ལུགས་ལ། ཞབས་ལྷམ་ལྟ་བུར་མཚོན་ན་གསང་ཕུ་རྟ་ལྷམ་བཞེས་པ་མ་གཏོགས་དཀར་ལྷམ་པ་སོགས་ཞབས་ལྷམ་རེ་ལ་མིང་རེ་འདོགས་ནས་བཞེས་མི་ཆོག། །གསང་ཕུ་རྟ་ལྷམ་ལ་ཡང་ཉོན་མོངས་དུག་གསུམ་མཚོན་པའི་མཚོན་བྱེད་ཡོད་ཅིང་། དེ་ཉིད་བཞེས་དགོས་པའི་རྒྱུ་མཚན་ནི་རྟག་ཏུ་རང་བརྒྱུད་ཀྱི་ཉོན་མོངས་དུག་གསུམ་མགོ་གནོན་པའི་རྟེན་འབྲེལ་ཡིན་པ་མཚོན། བཞེས་ཆས་དང་བཞེས་ཁུག་ལྟ་བུ་ལ་མཚོན་ན། བཞེས་ཆས་དགའ་ལྡན་དཀྲིས་ཀ་མ་སྣམ་དགོས་པ་དང་། དེ་ལ་ཡང་ཚད་མེད་པ་མ་ཡིན་པ་དགེ་འདུན་དམངས་ཀྱི་བཞེས་ཆས་ཀྱི་ཚད་དབུ་མཛད་ཆེན་མོ་ལགས་ཀྱི་བཞེས་ཆས་དང་ཚད་མཉམ་པ་དགོས། དབུ་མཛད་ཆེན་མོ་ལགས་ཀྱི་བཞེས་ཆས་ལ་ཡང་ཚད་མེད་པར་སོར་མོ་ལྔའི་ནང་དུ་ཚུད་ངེས་ཤིག་དགོས། བཞེས་ཁུག་ལྟ་བུ་ལ་མཚོན་ན་འཇའ་དམར་སེར་གཉིས་དང་། ཕྱི་ཤ་སྔོན་པོ་ནང་ཤ་དཀར་པོ་ཅན་དགོས། དེ་དགོས་པའི་རྒྱུ་མཚན་ནི་ཟད་པར་ཏིང་ངེ་འཛིན་གྱི་དམིགས་རྟེན་མཚོན། བཞེས་ཁུག་ཚད་ནི་ཉིན་གཅིག་གི་གསོལ་ཞིབ་ཚུད་ངེས་ཤིག་བཞེས་དགོས། བཞེས་ཁུག་གི་ཁ་སྒྲོགས་འཕྲེང་ཐག་ཞྭ་ལུང་སོགས་གླ་རྒྱུན་མ་གཏོགས་སྲིན་ཐག་སོགས་མི་ཆོག་པ་དང། འཕྲེང་ཐག་སོགས་གླ་རྒྱུན་དགོས་པ་ནི་འཆི་བ་མི་རྟག་པ་དྲན་པའི་ཆེད་ཡིན།
Type ཞེ་ས།

{{#arraymap:ཞབས་ལྷམ་

|; |@@@ | | }}