60326
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། ཞལ་གདམས་གནད་ཀྱི་ཕྲེང་བ་ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་མཚོ་རྒྱལ་མངའ་བདག་རྗེ༔ སངས་རྒྱས་ཡེ་ཤེས་ནམ་མཁའི་སྙིང༔ ལང་འགྲོ་ལོ་ཙཱ་རྗེ་འབངས་ལྔས༔ བསམ་ཡས་དགེ་བ་མཐའ་རྒྱས་གླིང༔ གསང་ཁྲིད་རིམ་ལྔ་ཞུས་པའི་དུས༔ ཞལ་གདམས་གནད་ཀྱི་ཕྲེང་བ་འདི༔ གུ་རུའི་གསུང་བཞིན་ཟིན་རིས་སུ༔ བདག་འདྲ་མཁར་ཆེན་བཟའ་ཡིས་བཀོད༔ ཅེས་གསལ་བ་ལྟར། སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྗེ་འབངས་གྲོགས་ལྔ་ལ་གདམས་ཤིང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་ཕབ་སྟེ་གཏེར་དུ་སྦས་པ་ཉིད། གཏེར་ཆེན་རཏྣ་གླིང་པས་ས་རྟ་ལོའི་ལུག་ཟླའི་ཚེས་བརྒྱད་ཉིན་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ནི། ཨོ་རྒྱན་ཆེན་པོས་རྗེ་འབངས་གྲོགས་ལྔ་ལ་ཐུགས་སྒྲུབ་ཡང་སྙིང་འདུས་པ་འདི་ཉམས་སུ་ལེན་པ་ལ་ཉམས་ལེན་གནད་ཀྱི་མན་ངག་གེགས་སེལ་བོགས་འདོན་དང་བཅས་པའི་ཞལ་གདམས་བསྟན་པའོ། ། |