60354
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དགུ་པའི་དཀྱིལ་དུ་འཁྲུངས། གཞོན་དུས་ནས་ཏི་ཡན་དགོན་དགའ་ལྡན་བདེ་ཆེན་བསམ་གཏན་གླིང་ཐོས་བསམ་མཛད། གསུང་རྩོམ་ནི་རྗེ་ཙོང་ཁ་པའི་རྣམ་ཐར་རྨད་བྱུང་བཀོད་པའི་ཞིང་དུ་བགྲོད་པའི་འཇུག་ངོགས་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དབང་གི་རྒྱལ་པོའི་སྒོ་ནས་དགེ་འདུན་འདུ་པའི་འཁོར་ལོ་སྒྲུབ་ཆོག་ངག་འདོན་ཁམས་གསུམ་དབང་འདུས་པདྨ་རྭ་གའི་ལྕགས་ཀྱུ་བཅས་ཆོས་ཚན་སོ་བཞི་ལོངས་པའི་པོད་གཅིག་བཞུགས། |