60383

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞལ་བསྲོ་ (1)
Part of speech མིང་ཚིག
Definition ལྷ་ཁང་སོགས་ཀྱི་སྤྱན་དབྱེ་སྟེ་རབ་གནས།
Type ཞེ་ས།
ཞལ་བསྲོ་ (2)
Part of speech མིང་ཚིག
Definition ཁང་པ་སོགས་ཀྱི་གཞི་བཙུགས་པའམ་རྨང་གཞི་བཙུགས་པའི་དོན།
ཞལ་བསྲོ་ (3)
Part of speech མིང་ཚིག
Definition དབང་པོ་སྒོ་གསལ་བའི་དོན་ཏེ།
Example སྤུར་ལེན་རྒྱལ་པོས་སྤྱན་དབང་གསལ་བ། དངུལ་གྱི་ཐུར་མས་སྙན་དབང་གསལ་བ། གཡུ་ཡི་པད་ལོས་ཤངས་དབང་གསལ་བ། ཟངས་ཀྱི་པད་མས་ལྗགས་དབང་གསལ་བ། ལྷ་གཉེན་ཤེལ་སྒོང་ཡིད་དབང་གསལ་བ། ལྟ་བུའོ། །དེ་ཡང་དབང་པོ་སྒོ་གསལ་ཞེས་པའི་དོན་ནི། དཔོན་གསས་ལྷ་དང་ཆོ་གར་བརྟེན་ནས་དབང་པོའི་སྐྱོན་རྣམས་བསལ་ནས་མངོན་ཤེས་ཐོབ་པའམ་གསལ་བར་བྱེད་པའི་དོན་ནོ། །དབང་པོ་སྒོ་གསལ་གྱི་རྫས་ནི། གཟི་བརྗིད་པོད་གསུམ་པ་ལས། དར་དཀར་གྱི་ཞལ་ཕྱིས་དང། དུང་གི་སོ་མང་དང་། གསེར་གྱི་སྤུར་ལེན་དང་། དངུལ་གྱི་ཐུར་མ་དང། གཡུ་ཡི་པད་མོ་དང་། ཟངས་ཀྱི་པད་མ་དང། ལྷབ་ལྷུབ་ན་བཟའ་དང་། ལྷ་གཉེན་གྱི་ཤེལ་སྒོང་རྣམས་ཐོགས་ནས། ཞེས་སོ། །
Type བརྡ་རྙིང་།
Domain ཆོས་ལུགས།
ཞལ་བསྲོ་ (3)
Part of speech མིང་ཚིག
Definition བཀྲ་ཤིས་ཞལ་བསྲོ་བྱེད་པ་ལའང་འཇུག་སྟེ། དེའི་དོན་ནི་དཔོན་གསས་ཆོ་ག་སོགས་ལ་བརྟེན་ནས་བདེར་གཤེགས་རྟེན་གསུམ་རྣམས་ལ་བཀྲ་ཤིས་བྱིན་རླབས་འཇུག་པར་བྱེད་པ་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། བདེ་བར་གཤེགས་པ་སྐུ་ལྔའི་དཀྱིལ་འཁོར་ཞལ་བསྲོ་བར་མཛད། ཅེས་སོ། །ཞལ་བསྲོའི་རྫས་ནི། དེ་ཉིད་ལས། བཀྲ་ཤིས་རྫས་བརྒྱད་དང་། རིན་ཆེན་ནོར་བདུན། ཞལ་ཟས་སྤྱན་གཟིགས་དང་། སྨྲ་མཁན་ནེ་ཙོ་དང། གསུང་སྙན་ཁུ་བྱུག་དང་། གཡུ་ཡི་རྟ་ཕོ་དང་། འདོད་འཇོའི་བ་མོ་དང་། དུང་གི་གླང་པོ་དང་། དེ་རྣམས་འཚོགས་པར་བསགས་ལ། ཞེས་སོ། ། ཞལ་བསྲོ་ཞེས་པ་འདི་གཉིས་ལ་འཇུག་སྟེ། གཟི་བརྗིད་པོད་གསུམ་པ་ལས། དེ་ནས་ཞལ་བསྲོ་བར་མཛད་དེ། དེ་ཡང་དོན་རྣམ་པ་གཉིས་ཏེ། བདེ་བར་གཤེགས་པའི་དབང་པོ་སྒོར་གསལ་བ་དང་། བཀྲ་ཤིས་ཞལ་བསྲོ་བ་གཉིས་སོ། །ཞེས་གསུངས་སོ། །