60502
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་སྟེ་དྲི་མེད་ལྷ་ལྔ་ཡབ་ཡུམ་ལས་ཡེ་ཤེས་སྒོ་བ་བཞིའི་ནང་གསེས་ཡིན་ལ། དུག་སེལ་ལྷ་གསུམ་གྱི་ནང་ཚན་ཡང་ཡིན། གནས་ནི། དཀྱིལ་འཁོར་ནུབ་ཕྱོགས་ཕོ་བྲང་གླིང་ཆེན་གྱི་ལྷོ་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་འོད་སྔོན་ཐོད་ལྡིང་ཅན། སྐུ་ལ་འོད་ཀྱི་ན་བཟའ་ལ་གཞའ་ཚོན་འབར་བའི་ཀས་མ་ཤམ་གསོལ་ལ། ཕྱག་མཚན་བདུད་རྩིའི་གཟར་བུ་བསྣམས་པ་ཞིག་གོ ། ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་སྤྱོད་པ་དལ་འཇམ་ཀུན་ལ་སྙོམས་ཤིང་གང་ལ་གང་མཐུན་དུ་འགྲོ་དོན་མཛད་པའོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་འོད་དེ་འདུ་འདུ་ཚ། ཞེས་པའམ་ཚ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། འོད་དེ་ནི་ངན་སོང་སྒོ་མོ་གཅོད་པ། ཚ་ནི་ལྷ་འདི་ཉིད་མཚོན་པའོ། །ལྷ་སྐུ་ཡིག་འབྲུའི་བསྐྱེད་གནས་ནི། རྐང་པའི་ལོང་བུའི་རྩ་ལའོ། །བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། ། གོང་གི་ཞི་རྒྱུད་ནང་ལྷ་ཚོགས་ཀྱི་སྐུ་བསྟོད་སྐབས་སུ། འདི་ལ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་མ་གསལ་ཡང་། ཐོས་གྲོལ་ལས། འདིའི་ཕྱག་རྒྱའི་ཡུམ་ནི། དུས་བཞིའི་རྒྱལ་མོ་བཞི་ལས་དབྱར་གྱི་རྒྱལ་མོ་ཡིན་པར་གསུངས་སོ། ། |
| Domain | ཆོས་ལུགས། |