60507

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞི་བ་ (1)
Part of speech མིང་ཚིག
Definition ཡལ་བའམ་མེད་པར་གྱུར་པའི་དོན་ཏེ།
Example ནད་ཀྱི་ཟུག་གཟེར་ཞི་བ། ཁོང་ཁྲོ་ཞི་བ། ཞེ་འཁོན་ཞི་བ་ལྟ་བུ།
ཞི་བ་ (2)
Part of speech མིང་ཚིག
Definition ས་མོ་བྱ།
Domain རྩིས་རིག
ཞི་བ་ (3)
Part of speech མིང་ཚིག
Definition ཆོས་ལུགས། ལས་བཞིའི་ཡ་གྱལ་ཏེ། ཞི་བའི་ལས།
ཞི་བ་ (4)
Part of speech མིང་ཚིག
Definition ཐར་པ་དང་མྱང་འདས།
ཞི་བ་ (5)
Part of speech མིང་ཚིག
Definition མདོ། འགོག་བདེན་གྱི་ཁྱད་ཆོས་སུ་གྱུར་པའི་ཞི་བ་ཞེས་པ་ནི་ཉོན་མོངས་མ་སྤངས་པའི་ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པའི་ལོག་རྟོག་གི་གཉེན་པོར་མདོ་ལས་གསུངས་ཤིང་རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་ཉོན་མོངས་སྤངས་པས་ཞི་བ་ཞེས་ཟེར་བ་ཡིན་ཏེ ། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། འགོག་པའི་བདེན་པ་ནི་ལམ་བདེན་གྱིས་སྤང་བྱའི་ས་བོན་ཅི་རིགས་པར་སྤངས་པའི་བྲལ་བ་ཡིན་ལ། དེ་ལ་ཡང་ཐར་པ་གཏན་མེད་དུ་འཛིན་པ་དང། ཉོན་མོངས་མ་སྤངས་པའི་ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ་དང། སྡུག་བསྔལ་འགག་པ་ལས་ལྷག་པའི་ཐར་པ་ཡོད་པ་འཛིན་པ་དང་། རེ་ཞིག་ཐར་ཀྱང་གཏན་དུ་ཐར་པ་མེད་པ་འཛིན་པའི་སྒྲོ་འདོགས་བཞིའི་གཉེན་པོར་བསྟེན་པར་བྱ་བ་འགོག་པའི་བདེན་པའི་རྣམ་པ་བཞི་སྟེ། འདི་ལྟར། སྡུག་བསྔལ་སྤངས་པས་འགོག་པ་དང། ཉོན་མོངས་སྤངས་པས་ཞི་བ་དང། འདི་ལས་མཆོག་ཏུ་གྱུར་པའི་འདོད་ཆ་གཞན་མེད་པས་གྱ་ནོམ་པ་དང། དེ་འཐོབ་ནས་སླར་མི་ལྡོག་པས་ངེས་འབྱུང་གི་རྣམ་པ་དང་བཞིའོ། །ཞེས་གསུངས།
ཞི་བ་ (6)
Part of speech མིང་ཚིག
Definition ཞི་བ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཁྱད་ཆོས་ཤིག་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྣམ་བཤད་ཟིན་བྲིས་ལས། དེ་བཞིན་ཉིད་ཆོས་ཅན། ཞི་བ་ཡིན་ཏེ། ན་བའི་གནོད་པ་མེད་པའི་ཕྱིར། ཞེས་གསུངས།
ཞི་བ་ (1)
Part of speech རྒྱན་ཚིག
Definition དྲག་པོའི་ལྡོག་ཟླ་སྟེ།
Example སེམས་རྒྱུད་ཞི་བའི་གཞོན་ནུ།
Antonyms དྲག་པོ།