60523
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོད་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་ཐོག་མར་འཛུགས་སྐབས་སྡོམ་པ་གནང་མཁན་ཡིན་པས་མཁན་པོ་དང༌། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བས་བོ་དྷི་ས་ཏྭ་སྟེ་བྱང་ཆུབ་སེམས་དཔའ་ཞེས་ཞུ་སྲོལ་ཡོད། མཚན་དངོས་ནི་རྒྱ་གར་སྐད་དུ་ཤཱནྟི་རཀྵི་ཏ་སྟེ་བོད་སྐད་དུ་བསྒྱུར་ན་ཞི་བ་འཚོ་ཟེར། དམ་པ་འདི་ནི་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་བྷང་ག་ལའམ་ཟ་ཧོར་གྱི་གྲོང་ཁྱེར་དུ་ཡབ་རྒྱལ་པོ་གཙུག་ལག་འཛིན་ལ་སྲས་ལྕམ་སྲིང་གསུམ་ཡོད་པའི་འབྲིང་པོ་ཡིན། དཔལ་ན་ལེནྡྲར་སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དབུ་མ་རྒྱན་ལ་སོགས་པའི་བསྟན་བཅོས་བརྩམས་ཤིང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་ཤིང་རྟའི་སྲོལ་ཕྱེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་ཕེབས། བསམ་ཡས་གཙུག་ལག་ཁང་བཞེངས་པའི་བཀོད་པ་མཛད། སད་མི་མི་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བོད་དུ་ཐོག་མར་བཙུགས། འདུལ་བ་དང་དབུ་མ་སྤེལ། མཚན་མཁན་བོ་དྷི་སཏྭ་ཞེས་གྲགས། མཁན་ཆེན་འདི་དང༌། སློབ་དཔོན་པད་མ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གསུམ་ལ་མཁན་སློབ་ཆོས་གསུམ་དུ་གྲགས། སྔ་ཕྱིར་བོད་དུ་ལོ་བཅུ་ལྷག་ཙམ་བཞུགས་ཏེ་གཤེགས། |
{{#arraymap:ཞི་བ་འཚོ་
|; |@@@ | | }}