60539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞི་བའི་ཆོས་ཚན་སུམ་བཅུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་དུ་བཞུགས་པ་ལས། མན་ངག་ལའང་། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་དང་། ནང་སྒྲུབ་པ་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བར་བྱེད་པའི་མན་ངག་གི་སྡེ་ཚན་གསུམ་དུ་བཞུགས་པ་ལས། འདིར་གཉིས་པ་ནང་སྒྲུབ་པ་གསལ་བར་བྱེད་པའི་མན་ངག་གི་བྱེ་བྲག་ལ། ཞི་བའི་སྒྲུབ་ཐབས་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་སུ་གསུངས་པའི་ཡ་གྱལ། ཞི་བའི་སྒྲུབ་ལུགས་ལྔའི་ཆོས་ཚན་སུམ་ཅུ་ཐམ་པ་སྟེ། དམ་པ་རིགས་བརྒྱར་སྒྲུབ་པ་ལ་ལས་ཆུང་ལྔ་དང་། ལས་ཆེན་ལྔ། ཞི་བ་བཞི་བཅུ་རྩ་གཉིས་ལ་སྒྲུབ་ལུགས་ལྔ། དེ་ཁོ་ན་ཉིད་རིགས་ལྔ་ལ་སྒྲུབ་ལུགས་ལྔ། ཞི་བ་ཕྱག་རྒྱ་རྐྱང་པ་དང་། གསང་ཆེན་རིགས་གཅིག་ལ་སྒྲུབ་ལུགས་ལྔ་རེ་བཅས་སུམ་ཅུ་ཐམ་པའོ། །
Domain ཆོས་ལུགས།