60548

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞི་བའི་མེ་ཐབ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ནི་དཀྱིལ་འཁོར་ཞི་བའི་སྒོ་དང་བསྟུན་པའི་དངོས་འབྱོར་ཕྱི་ནང་གི་མཆོད་རྫས་རྣམས་མེ་ལ་སྦྱིན་སྲེག་བྱ་སའི་ཐབ་ཀ་ཞིག་ཡིན། རྩིག་པའི་དབྱིབས་ནི། ཟླུམ་པོ་སུམ་རྩིག་ཅན་ལ་ཁ་ཁྱེར་དུ་རྡུལ་མཚོན་གྱིས་འཁོར་ལོ་རྩིབས་བཞི་པ་ཅན་དུ་བླུགས་ཏེ་དཀྱིལ་ལ་ཨཱོྃ་ཡིག་བཀོད་པ་ཞིག་ལ། མདོག་ནི། དཀར་པོ་དགོས་པར་བཤད་དོ། །དེའི་མཚོན་དོན་ནི། དངོས་འབྱོར་གྱི་མཆོད་པ་སྐམ་རློན་གྱི་རྫས་རྣམས་འབུལ་སའི་ལྷ་ཡི་ཞལ་མཚོན་པ་ཡིན་པར་བཤད་དེ། ལྷ་རྣམས་ཀུན་གྱི་ཞལ་དུ་འོང་། ཞེས་པས་སོ། །
Domain ཆོས་ལུགས།