60550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞི་བའི་ཚུལ་དགུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་རྣམས་ཀྱི་ཞི་བའི་ཚུལ་དགུ་སྟེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། དེ་ལྟ་བུའི་ལྷ་ཚོགས་རྣམས་ཀྱང་ཞི་བའི་ཚུལ་དགུ་དང་ལྡན་པ་སྟེ། ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས་སུ་ཡན་ལག་གསེར་ཞུན་མ་ལྟར་མཉེན་པ། ཞེ་སྡང་མ་སྤངས་གནས་སུ་དག་པའི་རྟགས་སུ་ཕྱག་སོར་སྦྲུལ་གྱི་མཇུག་མ་ལྟར་ལྕུག་པ། འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་སུ་ཐབས་ཤེས་རབ་གཡུའི་ལྗང་པ་ལྟར་དུ་ཕན་ཚུན་འཁྲིལ་བ། གཏི་མུག་མ་སྤངས་གནས་སུ་དག་པའི་རྟགས་སུ་སྐུ་སྐེད་ཐང་ཤིང་ལྟར་དུ་དྲང་ཞིང་ལྡེམ་པ། ཕྲག་དོག་མ་སྤངས་གནས་སུ་དག་པའི་རྟགས་སུ་བྱིས་པ་ལོ་བརྒྱད་ལྟར་གཞོན་ཚུལ་ཅན། ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་ཟླ་བ་ལྟར་གསལ་བ། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྟགས་སུ་ཉི་མ་ལྟར་འཚེར་བ། མཚན་དཔེ་ཡོངས་སུ་རྫོགས་པའི་རྟགས་སུ་དབུས་ཀྱི་རི་རྒྱལ་ལྟར་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ་སེངྒེ་འབུམ་གཞིབས་པ་ལྟར་གཟི་བྱིན་དང་ལྡན་པ། བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ལ་རྣོ་བའི་འོད་ཟེར་དཀར། དམར། སེར། སྔོ། བཙོད་ཁ། དངུལ་མདོག་དང་དྲུག་གོ ། རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་འཕྲོ་བའི་ཚོགས་ཆེན་པོ། ཞེས་གསུངས།
Domain ཆོས་ལུགས།
ཞི་བའི་ཚུལ་དགུ་ (2)
Part of speech མིང་ཚིག
Definition སྐྱེ་བ་གནས་སུ་དག་པས་མཉེན་པ། ན་བ་གནས་སུ་དག་པས་ལྕུག་པ། འཆི་བ་གནས་སུ་དག་པས་འཁྲིལ་བག་ཆགས་པ། དྲང་ཞིང་ལྡེམ་པ། རྒ་བ་གནས་སུ་དག་པས་གཞོན་ཚུལ་ཅན། མཚན་དཔེས་བརྒྱན་པ། གསལ་བ། ཟད་པར་རྫོགས་པས་འཚེར་བ། ཡིད་དུ་འོང་བས་ལྷུན་སྟུག་པ། འགྲོ་བ་ཟིལ་གྱིས་གནོན་པས་གཟི་བརྗིད་དང་ལྡན་པའོ། །