60573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞི་བར་གནས་པ་བློའི་རྩ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྤྱོད་པའི་འདྲེན་སྒོ་འབྱིན་པར་བྱེད་པའི་རྩ་བ་གསུམ་དུ་གསུངས་པའི་ཡ་གྱལ་ཞིག་སྟེ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་བློའི་རྩ་བ་ནི། འདི་ལྟར་ཏེ། ཡེ་ནས་ཇི་བཞིན་པ་ཉིད་དུ་གནས་པ་ནི་མ་སྐྱེས་པའི་ཆོས་ཀྱི་དབྱིངས་ཏེ། དེ་ཉིད་ཡང་དག་པར་སྒོམ་པའི་ངང་ལ། བློ་བྱིང་རྒོད་ལ་སོགས་པའི་དབང་དུ་མི་འགྱུར་བར་དེ་བཞིན་ཉིད་དུ་གྱུར་པ་ནི་དེ་ལ་བློ་གནས་པའི་ཚུལ་ཏེ། དེ་ལྟར་ཚུལ་ལ་སྤྱིར་མི་རྟོག་ཅིང་བློ་ཡི་གཡོ་བས་བྱེ་བྲག་རྣམ་པར་མི་རྟོག་པར་བརྟན་པར་གྱུར་ནས་རྟོགས་པའི་ངང་ལ་ལྷན་ནེ་བར་གནས་པ་ཉིད་ཞི་གནས་ཀྱི་མཆོག་ཏུ་གྱུར་པའོ། །ཞེས་པ་ལྟར་ཡིན། འདི་ལ་བློའི་རྩ་བ་ཞེས་ཀྱང་བརྗོད།
Domain ཆོས་ལུགས།

{{#arraymap:ཞི་བར་གནས་པ་བློའི་རྩ་བ་

|; |@@@ | | }}