6060
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ད་བྱིད་ཀྱི་མིང་སྟེ། འདི་ལ་རིགས་དཀར་སྨུག་གཉིས་ཡོད། སྐེ་ཐུང་ལ་མིག་དམར་ཞིང་། མདོག་སྨུག་སྔོ་དམར་ལྗང་སོགས་ཐིག་ལེ་སྣ་ཚོགས་ཡོད་པ་བཅད་ན་ཚིལ་བུའི་རང་བཞིན་ད་བྱིད་སྨུག་པོ་ཡིན། ལུས་དང་མགྲིན་པ་རིང་ལ་སེར་སྐྱའམ་དམར་སྐྱ་འོད་ཆེ་བ་ཚིལ་ཁམས་སྔ་མ་ལས་ཅུང་ཆུང་བ་ད་བྱིད་སེར་པོའམ་དཀར་པོ་ཡིན། གང་ཡང་ཟེ་བ་དང་སྨིན་མ་རགས་ཤིང་ལུས་ཕྲ་བ་ཕོ། ཟེ་བ་དང་སྨིན་མ་ཆུང་ཞིང་ལུས་སྦོམ་མགྲིན་པ་ཐུང་བ་མོར་བཤད། ལུས་དབྱིབས་སོགས་ཧ་ལམ་སྦལ་པ་དང་འདྲ་ཡང་སྐེ་དང་མཇུག་མ་སྦལ་བ་ལས་རིང་ཞིང་ལུས་ལ་ཁ་དོག་སྣ་ཚོགས་ཀྱི་ཐིག་ལེ་ཡོད་པ་བཅད་ན་ལུས་ཚང་མ་ཚིལ་བུ་ཡིན། རོ་མངར་ལ་ཅུང་ཟད་སྐྱུར་བ་དང་། ཞུ་རྗེས་མངར། ནུས་པ་ཅུང་དྲོ་ལ་སྣུམ་པ། ངོ་བོའི་ནུས་པས་ལུས་ཀྱི་སྟོབས་མདངས་རྒྱས་ལ་རོ་ཙ་བར་བྱེད་པ་དང་། མཁལ་མའི་དྲོད་དང་ནུས་པ་ཉམས་པ་གསོ་ཞིང་། མཁལ་སྐེད་གྲང་བའི་ནད་རྣམས་སེལ་བར་བྱེད། |