60615
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཞི་གནས་དེ་དག་རིམ་གྱིས་བརྟན་ཅིང་། སེམས་ཀྱི་ངོ་བོ་སྟོང་པ་ཉིད་དུ་ཤེས་པས་རྟོག་ཚོགས་ཕྲ་རགས་སྦུན་ཆ་ཐམས་ཅད་ཤར་གྲོལ་དུས་མཉམ་དུ་འགྲོ། འགྱི་བས་མི་གནོད་པར་ལྷང་ལྷང་གྲོགས་སུ་འཆར་བ། དེ་དག་རེས་མོས་དང་ཟུང་འཇུག་ལྟ་བུ་ཅི་རིགས་སུ་འཆར་བ་ནི་ཞི་ལྷག་ཟུང་འཇུག་ཞེས་མིང་དུ་བཏགས་པ་ཡིན་ལ། འདི་སྐབས་རྟོག་པ་འོག་འགྱུ་ཞེས་སྐབས་རེར་སྟོང་པའི་རང་རྩལ་མཐོང་བ་དང་། སྐབས་སུ་ཞི་གནས་ཀྱི་ཉམས་ཀྱི་སྒྲིབས་ནས་ཅུང་ཟད་ཡེངས་ཀྱང་ཡེངས་སུ་མི་ཚོར་བ་ཉལ་ཉིལ་ལམ་རྡོ་བའི་གསེབ་ནས་ཆུ་འབབ་པ་ལྟར་ཡེངས་དང་མ་ཡེངས་ཆ་མི་ཕྱེད་པར་འབྱུང་བས་དེ་སྐབས་རིག་པ་གྲུང་ཕྱུངས་ཏེ་མཚམས་ཕྱེད་པར་བྱའོ། །དཔལ་འཇིགས་མེད་ཆོས་ཀྱི་སེངྒེས་མཛད་པའི་ཕྱག་ཆེན་ནམ་མཁའི་ཐོག་དབུབ་དབུ་ཅན་ལྡེབ་གྲངས༩ལས། |