60616

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞི་ལྷག་འཐོབ་པར་འགྱུར་བའི་རྒྱུ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། ༡ ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ། ༢ འདུ་བྱེད་སྣ་ཚོགས་རྣམ་པར་སྤངས་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་འཐོབ་པ། ༣ ཆོས་སྣང་བ་ཕྱོགས་བཅུར་ཚད་མེད་ཅིང་རྣམ་པ་ཡོངས་སུ་མ་ཆད་པ་ཡང་དག་པར་ཤེས་པ། ༤ དགོས་པ་ཡོངས་སུ་གྲུབ་པ་དང་ལྡན་པ་རྣམ་པར་དག་པའི་ཆ་དང་མཐུན་པའི་མཚན་མ་རྣམ་པར་མ་བརྟགས་པ་རྣམས་དེ་ལ་ཀུན་འབྱུང་བ་དང་། ཆོས་ཀྱི་སྐུ་འཐོབ་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་དང་། ༥ རྒྱུ་གོང་མ་བས་ཆེས་གོང་མ། བཟང་པོ་བས་ཆེས་བཟང་པོ་ཡང་དག་པར་ཡོངས་སུ་འཛིན་པར་བྱེད་པའོ། །
Domain ཆོས་ལུགས།