60622
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུའི་རྒྱན་གྱི་ནང་གསེས་བརྒྱད་པ་སྟེ། སྔར་རང་ལ་ཡོད་པའི་དངོས་པོ་དེ་ཉམས་པའམ་ཞིག་ནས་མེད་པའི་དངོས་མེད་ཀྱི་རྒྱུ་དེས། འབྲས་བུའི་དངོས་པོ་གཞན་ཞིག་སྐྱེད་པ་སྟོན་པའི་ཚིག་ཉམས་དང་ལྡན་པ་ལྟ་བུ་ཞིག་ལ་ཟེར། |
| Example | བོད་མཁས་པས། སྙིང་ལ་རབ་ཆགས་དཔྱིད་ཀྱི་མཐུ་ཉམས་ཤིང་། །ལང་ཚོའི་རིམས་ལས་འབར་བའི་གདུང་བ་ཡལ། ། ཡུལ་གྱི་རྗེས་སུ་རྒྱུག་པའི་ཤེས་པ་ཡང་། །འགྲིབ་ཕྱིར་སླད་མའི་གནས་སྐབས་ཁོ་ན་སེམས། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |