60625

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞིག་པ་དངོས་པོར་བཞེད་པ་ (1)
Part of speech མིང་ཚིག
Definition མདོ། ཐལ་འགྱུར་པ། དགེ་ལུགས། ཞིག་པ་དངོས་པོར་ཁས་ལེན་པ་དེ། རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཁས་ལེན་པ་ལ་ཐུག་པ་ཡིན་ཏེ། དེ་དངོས་པོར་ཁས་མི་ལེན་པ་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པ་ལ་ཐུག་པའི་ཕྱིར་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཞིག་པ་དངོས་པོར་མི་འདོད་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་པ་ལ་ཐུག་པ་ཡིན་ཏེ། མྱུ་གུ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པའི་དུས་སུ་ཞིག་ཅེས་པ་ཙམ་གྱིས་མ་ཚིམ་པར་བརྟགས་དོན་བཙལ་བའི་ཚེ། དེ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པའི་ཆ་དེའི་ཞིག་པའི་མཚན་གཞིར་ཁས་བླངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།