60628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞིག་པོ་བདུད་རྩི་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ས་སྦྲུལ་ཕྱི་ལོ་ ༡༡༤༩ ལོར་ལྷ་གདོང་དགོན་པར་ཡབ་སངས་རྒྱས་དྭགས་ཆུང་དང་། ཡུམ་ཝང་མོ་གཉིས་ཀྱིས་སྲས་སུ་འཁྲུངས། ཞང་པོ་དབུས་པ་སེ་སྦྲག་གི་ལས་ལོ་གསུམ་ཙམ་རིང་རྫོགས་ཆེན་རོང་ལུགས་ཀྱི་ཆོས་སྐོར་རྣམས་གསན། བཅུ་དྲུག་པར་བླ་ཆེན་ཡོན་ཏན་ལས་ལོ་མང་པོའི་རིང་བསྐྱེད་རྫོགས་གསུམ་ལ་ཐུགས་ཐག་ཆོད་པ་མཛད། འུག་སྐད་དགོན་པ་དང་། སེ་སྦྲག་དང་ཆོས་སྡིངས་སོགས་སུ་སྐུ་བསོད་རྒྱས། སྙན་པའི་གྲགས་པས་ཁྱབ། གདུལ་བྱའི་འདུས་པའི་ཚོགས་ཆེན་པོས་བླ་མར་ཞབས་ཞུ་དང་། འགྲོ་དོན་རྒྱ་ཆེར་མཛད། སྒོམ་སྒྲུབ་ཉམས་ལེན་གྱིས་རྫོགས་ཆེན་རང་སྣང་རིས་མེད་ཤར། ས་རྡོ་རི་བྲག་ཀུན་ལ་ཐོགས་མེད་བྱོན། རྟེན་གསུམ་སོགས་མང་དུ་བཞེངས། དབུལ་ཕངས་སྦྱིན་གཏོང་གནང་། ང་གཅིག་པ་རབ་བྱུང་གསུམ་པའི་ས་ལུག་ཕྱི་ལོ་ ༡༡༩༩ ལོར་རྒྱ་ར་གད་ལོགས་ཀྱི་དགོན་པར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྟ་སྟོན་ཇོ་ཡེས་དང་། མ་ཧཱ་ལྷུན་པོ། མཁས་པ་ཇོ་མན། དབུས་པ་ཇོ་བསོད། བཟང་སྟོན་ཧོར་གྲགས། གཉོས་སྟོན་བླ་མ་བཅས་ཡིན།

{{#arraymap:ཞིག་པོ་བདུད་རྩི་

|; |@@@ | | }}