From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཞིང་ (1)
| Part of speech
|
གྲོགས་ཚིག
|
| Definition
|
མཉམ་སྦྱོར་རམ་མཚམས་སྦྱོར་ལ་འཇུག་པ། བྱ་བ་དང་ཁྱད་ཆོས་བརྗོད་པའི་མིང་དང་། ཚིག་སྔ་ཕྱིའི་བར་མཚམས་སྦྱར་ཏེ། བསྟན་དོན་དོ་མཉམ་པ་དག་མཉམ་དུ་སྦྱོར་བར་བྱེད་པ་སྟེ། འཇུག་ཚུལ་ང་འ་ན་མ་ར་ལ་དང་མཐའ་མེད་ཀྱི་རྗེས་སུ་ཞིང་སྦྱོར་བ་ཡིན།
|
| Example
|
འཚོ་བ་བདེ་ཞིང་སྐྱིད། རྒྱལ་པོ་དགའ་ཞིང་མགུ། གླུ་ལེན་ཞིང་འདུག ཚིག་སྙན་ཞིང་འཇེབས་པ་ལྟ་བུ།
|
ཞིང་ (1)
| Part of speech
|
མིང་ཚིག
|
| Definition
|
ཡུལ་ཁམས་དང་གནས་ཀྱི་དོན་ལ་འཇུག་སྟེ།
|
| Example
|
བདེ་བ་ཅན་གྱི་ཞིང་ཁམས། ཞིང་ཆེན། ཚོགས་ཞིང་། བསོད་ནམས་གསོག་པའི་ཞིང་ས། ཞིང་ལ་ཕེབས་པ་ལྟ་བུ།
|
ཞིང་ (2)
| Part of speech
|
མིང་ཚིག
|
| Definition
|
ལོ་ཏོག་འདེབས་ཡུལ་གྱི་ས་ཆའི་མིང་སྟེ།
|
| Example
|
དཔྱིད་དུས་སུ་ཞིང་རྨོ། ཞིང་ལ་ལོ་ལེགས་བྱུང། ཞིང་ས་ལྟ་བུ།
|