60646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞིང་ཁམས་བདེ་སྤྱོད་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་གསུངས་པའི་གཅིག་ཡིན་པ་དང་། ཞིང་འདིར་གསང་བ་མཆོག་གི་ཐབས་ཀྱི་བདག་ཉིད་བདེ་བར་སྤྱོད་པས་མིང་བདེ་སྤྱོད་ཅེས་སུ་གྲགས། ཞིང་འདིའི་སྟོན་པ་ནི་སངས་རྒྱས་བདེ་བ་ཆེན་པོ་ཡིན་ཚུལ། མདོ་དགོངས་པ་འདུས་པ་ལེའུ་བདུན་པར། ཡང་བདེ་སྤྱོད་ཅེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་བདེ་བ་ཆེན་པོ་ཞེས་བྱ་བར་བསྟན་ནས། ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས།