60647
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། རྡོ་རྗེ་སེམས་དཔས་ཆོ་འཕྲུལ་གྱིས་བཀོད་པའི་ཞིང་སྟེ། མི་མཇེད་ཀྱི་འཇིག་རྟེན་སྟོང་གསུམ་པོ་འདིའི་ཕ་མཐའ་ནས་བགྲངས་པས་ཕྱོགས་བཞི་མཚམས་བཞི་བརྒྱད་དུ་འཁོད་པའི་ཞིང་བརྒྱད་དེ། ཤར་ནས་རིམ་པར་འཇིག་རྟེན་གྱི་ཁམས་དྲི་མ་མེད་པ། འཇིག་རྟེན་གྱི་ཁམས་ཡོན་ཏན་འབྱུང་བ། འཇིག་རྟེན་གྱི་ཁམས་རྒྱན་ཤིན་ཏུ་བཀྲམ་པ། འཇིག་རྟེན་གྱི་ཁམས་བག་ཚ་བ་མེད་པ་དང་། ཤར་ལྷོ་མཚམས་ནས་རིམ་པར་འཇིག་རྟེན་གྱི་ཁམས་རྣམ་པར་མཛེས་པ། འཇིག་རྟེན་གྱི་ཁམས་རབ་ཏུ་སྣང་བ། འཇིག་རྟེན་ཁམས་རབ་ཏུ་དང་བ། འཇིག་རྟེན་གྱི་ཁམས་གདུང་བ་སེལ་བ་བཅས་སོ། །མིང་གཞན་ཕྱོགས་མཚམས་ཀྱི་ཞིང་ཁམས་བརྒྱད། ཅེས་ཀྱང་བརྗོད། |
| Domain | ཆོས་ལུགས། |