60650
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་གསུངས་པའི་གཅིག་ཡིན་པ་དང་། ཞིང་འདིར་དངོས་སུ་གེ་སར་མེ་ཏ་ཞེས་བྱ་བས་བརྒྱན་པས་མེ་ཏོག་མཛེས་པའི་རྒྱན་ཞེས་སུ་གྲགས། ཞིང་འདིའི་སྟོན་པ་ནི་སངས་རྒྱས་མེ་ཏོག་བཀོད་པའི་རྒྱལ་པོ་ཡིན་ཚུལ། མདོ་དགོངས་པ་འདུས་པ་ལེའུ་བདུན་པར། ཡང་མེ་ཏོག་མཛེས་པའི་རྒྱན་ཞེས་པའི་ཞིང་ཁམས་ན། སངས་རྒྱས་མེ་ཏོག་བཀོད་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས། |