60651

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞིང་ཁམས་མྱ་ངན་མེད་པ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་གསུངས་པའི་གཅིག་ཡིན་པ་དང་། ཞིང་འདིར་བདེན་པ་མཐོང་བའི་ཕྱིར་མིང་མྱ་ངན་མེད་པ་ཞེས་སུ་གྲགས། ཞིང་འདིའི་སྟོན་པ་ནི་སངས་རྒྱས་མྱ་ངན་མེད་པའི་དཔལ་ཡིན་ཚུལ། མདོ་དགོངས་པ་འདུས་པ་ལེའུ་བདུན་པར། ཡང་མྱ་ངན་མེད་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་བྱ་བར་བསྟན་ནས། ཡང་དག་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས།