60666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞིང་ཁམས་སྨན་གྱིས་བརྒྱན་པ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་གསུངས་པའི་གཅིག་ཡིན་པ་དང་། ཞིང་འདིར་ཉོན་མོངས་པས་གདུང་བ་ཐབས་ཀྱིས་ཞི་བའི་ཕྱིར་སྨན་གྱིས་བརྒྱན་པ་ཞེས་སུ་གྲགས། ཞིང་འདིའི་སྟོན་པ་ནི་སངས་རྒྱས་སྨན་གྱི་རྒྱལ་པོ་ཡིན་ཚུལ། མདོ་དགོངས་པ་འདུས་པ་ལེའུ་བདུན་པར། ཡང་སྨན་གྱིས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས།