60693

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞིང་དག་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མ་འོངས་པ་ན་རང་ཉིད་གང་དུ་འཚང་རྒྱ་བའི་ཞིང་ཁྱད་པར་ཅན་འགྲུབ་པའི་ནུས་པ་འཇོག་བྱེད་ཀྱི་སྦྱོར་བ་ཞིག་ལ་ཞིང་དག་སྦྱོར་བ་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཞིང་དག་པའི་སྦྱོར་བའི་ངོ་བོ་ཡོད་དེ། རང་རྒྱུད་ལྡན་གྱི་གང་ཟག་གང་དུ་འཚང་རྒྱ་འགྱུར་གྱི་སྣོད་བཅུད་ཀྱི་ཞིང་ཁྱད་པར་ཅན་འགྲུབ་པའི་རྒྱུའི་དགེ་རྩ་ནུས་པ་མཐུ་ཅན་དུ་གྱུར་ཅིང། གཙོ་བོར་ལོངས་སྐུའི་ལག་རྗེས་འཇོག་པའི་རིགས་སུ་གནས་པའི་དག་སའི་ཡེ་ཤེས་ཅིག་ལ་འཇོག་པའི་ཕྱིར། དེ་ལ་དབྱེ་ན་གཉིས་ཏེ། སྣོད་ཀྱི་ཞིང་དག་པའི་སྦྱོར་བ་དང། བཅུད་ཀྱི་ཞིང་དག་པའི་སྦྱོར་བ་གཉིས་སུ་ཡོད་པའི་ཕྱིར། ཞེས་གསུངས། ས་མཚམས་དག་ས་ན་ཡོད།
Domain ཆོས་ལུགས།
ཞིང་དག་སྦྱོར་བ་ (2)
Part of speech མིང་ཚིག
Definition གཟུགས་སྐུའི་ལག་རྗེས་གཙོ་བོར་འཇོག་བྱེད་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་རྟོགས་རིགས་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་འགྲུབ་པའི་དགེ་རྩའི་ནུས་པ་མཐུ་ཅན་དུ་སོང་བའི་སྒོ་ནས་དག་སའི་ཡེ་ཤེས་སུ་དམིགས་པ། ཞིང་དག་པའི་སྦྱོར་བའི་མཚན་ཉིད། མཚན་གཞི་དག་པ་ས་གསུམ་གྱི་གནས་སྐབས་ཁོ་ནར་འཇོག །
ཞིང་དག་སྦྱོར་བ་ (3)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་སྒྲུབ་པའི་རྒྱུའི་དགེ་རྩ་ནུས་པ་མཐུ་ཅན་ཐོབ་པའི་དག་སའི་རྣལ་འབྱོར་དེ། ཞིང་དག་སྦྱོར་བའི་མཚན་ཉིད་ཡིན། དབྱེ་ན། སྣོད་ཀྱི་ཞིང་དག་སྦྱོར་དང༌། བཅུད་ཀྱི་དེ་གཉིས་ཡོད། ས་མཚམས་སྔ་མ་ལྟར་རོ། །