60764
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགའ་ལྡན་ཕོ་བྲང་གི་ལས་ཁུངས་ཤིག ལས་འགན་ནི་ལས་ཁུངས་ཁག་གིས་ལོ་རེའི་བྱུང་སོང་རྩིས་ཁྲ་ཕུལ་བ་རྣམས་འགྲིག་དང་མ་འགྲིག་ཞིབ་གཅོད་བྱེད་རྒྱུ་དེ་ཡིན། ཞིབ་ཁང་ལས་ཁུངས་ནི་དོ་དམ་རྩེ་སྐོར་མཁན་ཆེ་གཅིག་དང༌། རྩིས་དཔོན་གཅིག ལས་བྱ་རྩེ་མགྲོན་གཅིག རྩིས་པ་གཅིག རྩེ་དྲུང་གཉིས་བཅས་ལས་གྲུབ་པ་ཞིག་ཡིན་ཞིང༌། དེའི་ལས་འགན་ནི་ས་གནས་སྲིད་གཞུང་དང༌། ཕྱོགས་མཐའི་སྤྱི་ཁྱབ་དང༌། རྫོང་གཞིས་ཁག་བཅས་ཀྱི་འཛུགས་སྐྲུན་ལས་ཁུངས་ཆེ་ཆུང་ཁག་སོགས་གཞུང་གྲོན་གཏོང་དགོས་པའི་རིགས་དང༌། གཞན་ཡང་བསྡུ་གཏོང་ལས་ཁུངས་ཁག་གི་ལོ་རེའི་གཏོང་ཡོང་རྩིས་ཁྲ་ཁུངས་སོ་སོས་བཀའ་ཤག་ཏུ་ཕུལ་བར་བཀའ་ཤག་ནས་དེར་འབྱོར་ཚེས་བཀག་སྟེ་ཞིབ་ཁང་ལ་བསྩལ་བ་དེ་དག་ལ་བྱུང་སོང་ཟ་འབྱོར་ཁ་འཐབ་ཀྱི་ལྷག་ཆད་ཧེ་བག་ཡོད་མེད་ཞིབ་ཁང་ལས་ཁུངས་ནས་རྩིས་ཁྲ་འབུལ་མཁན་དོ་དམ་མི་སྣ་དང་དང་མཉམ་དུ་རྩིས་ཞུ་ཞིབ་འཇུག་གིས་ལྷག་ཆད་གསལ་པོ་གཏན་ལ་ཕབ་སྟེ་སླར་ཡང་རྩིས་ཁྲ་བཀའ་ཤག་ཏུ་ཕུལ་ཐོག་གཞི་ནས་རྩིས་ཁྲར་དག་མཆན་ཞུ་དགོས་པ་དང༌། ལྷ་ཞོལ་གྲོང་ཁྱེར་དང༌། ལས་ཁུངས་སོ་སོའི་འབྲེལ་ཡོད་གྱོད་དོན་ཕུད། དེ་བྱིངས་ཕྱོགས་མཐའི་རྫོང་གཞིས་ཁག་ནས་གྱོད་དོན་སྙན་ཞུ་བཀའ་ཤག་ཏུ་འབྱོར་རིགས་རྣམས་ཞིབ་ཁང་ལས་ཁུངས་སུ་བསྩལ་ཏེ་ཞིབ་དཔྱད་འཆར་འབུལ་ཞུ་དགོས་པ་རེད། |
| Domain | འཛིན་སྐྱོང་། |