60805

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞིམ་ཐིག་ (1)
Part of speech མིང་ཚིག
Definition ཞིམ་ཐིག་ལེ། ཞིམ་ཐིག་ནག་པོ་ཞེས་པ་ལོ་མང་སྐྱེ་བའི་ཤིང་མ་ལྡུམ་མམ་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཕྲ་ལ་ཡལ་ག་མང་ཞིང་ཕྱི་པགས་རྫ་མདོག་རྩུབ་ཅིང་གསར་སྐྱེས་ཡལ་ག་དྲང་ལ་སྐྱེ་གནས་དབང་གིས་སྡོང་པོ་རིང་ཐུང་སྣ་ཚོགས་ཡོད། ལོ་མ་ལྗང་ནག་རྩུབ་ཅིང་མཐུག་ལ་སྒོང་དབྱིབས་སམ་སྙིང་དབྱིབས་ཅན་གྱི་མཐར་ཉག་ཆུང་ཡོད་པའི་སྨད་ཆ་ཕུར་དབྱིབས་དང་། རྩེ་ཅུང་ཙམ་རྣོ་བའི་རྒྱབ་ཏུ་འོད་མདངས་ལྡན་པའི་རྨེན་ཐིག་དཀར་པོ་དང་སྤུ་དཀར་ཐུང་ངུས་ཁྱབ་པ་རེས་མོས་སྐྱེ་ཞིང་འབྱར་བག་ཡོད། མེ་ཏོག་སྔོ་ནག་ཆུང་ལ་མཆུ་དབྱིབས་ཅན་སྡོང་པོ་དང་ཡལ་གའི་རྩེར་བརྩེགས་པའི་མེ་ཏོག་བང་རིམ་འཆར་བའི་འདབ་གདན་ལའང་འབྱར་བག་ཡོད། ཟེའུ་འབྲུ་ཕོ་རིང་བ་གཉིས་དང་ཐུང་བ་གཉིས་ཡོད་ལ་འབྲས་བུ་སེར་ནག་ཆུང་ལ་འཇོང་བ་བཞི་རེ་ཡོད།
ཞིམ་ཐིག་ (2)
Part of speech མིང་ཚིག
Definition མངར་མོའི་ཐིག་པའི་མིང་།