60852

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞུ་བ་གླུ་བསྐུལ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དགེ་ལུགས། སྟོན་པ་མྱ་ངན་ལས་འདའ་ཚུལ་བསྟན་པའི་རྗེས་སུ་ཞིང་ཁམས་གཞན་དུ་སྐྱེ་བ་བཞེས་པ་དང་རྣམ་པ་མཐུན་པར་གཙོ་བོ་འོད་གསལ་དུ་ཞུགས་པ་ལ་ལྷ་མོ་བཞིས་ཞུ་བ་གླུས་བསྐུལ་བའི་ངོ་བོར་བཞེངས་པའི་ཚུལ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཡུམ་ཡབ་ལ་ཐིམ། ཞེས་པ་ནས། ནཱ་ད་ཡང་འོད་གསལ་དུ་ཐིམ་པར་གྱུར་ཞེས་པའི་བར་བསྒོམས་ནས་སྟོང་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ཏེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་རང་གི་སེམས་གཉིས་རོ་གཅིག་ཏུ་ཞུགས་པར་མོས་ནས་ཡེ་ཤེས་ཆོས་སྐུའི་རང་བཞིན་ནམ་བདག་ཉིད་དེ་ངའོ་སྙམ་དུ་ཆོས་སྐུ་ལ་ང་རྒྱལ་བཞག་ནས་སྒོམ་པར་བྱེད་པ་ནི། སྦྱང་གཞི་ལ་ཆོས་མཐུན་སྦྱོར་རྒྱུ་མེད་ཀྱང་། ལམ་རྫོགས་རིམ་གྱི་སྐབས་སུ་སྒྱུ་ལུས་རྗེས་སུ་མཐུན་པ་དང་དངོས་གནས་པ་གཉིས་འོད་གསལ་དུ་དག་པར་བྱས་པའི་དཔེ་དོན་གྱི་འོད་གསལ་དང་རྣམ་པ་མཐུན་ཞིང་དེའི་རྒྱུད་སྨིན་བྱེད་དུ་འགྱུར། འབྲས་བུ་སངས་རྒྱས་ཀྱི་སར་སྟོན་པས་ཞིང་དེར་སྐུ་དངོས་ཀྱིས་འདུལ་བའི་མཛད་པ་རྫོགས་ནས་མྱ་ངན་ལས་འདའ་ཚུལ་བསྟན་པ་དང་རྣམ་པ་མཐུན་ཞིང་། དེ་འགྲུབ་པའི་ལག་རྗེས་འཇོག་པའི་འབྲས་བུ་ལམ་བྱེད་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། །
Domain ཆོས་ལུགས།