61074
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཞོ་འཕོང་སྐུ་སྐྱེ་འཇིགས་མེད་བཟང་པོ་སྟེ། སྐུ་ན་ཆུང་དུས་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། དགེ་བཤེས་ཀྱི་རྩེར་སོན། སྨན་གྱི་འགྲོ་ཕན་ཆེ། སྐུ་ཚེའི་མཇུག་རི་ཁྲོད་ཡིད་དགའ་ཆོས་འཛིན་དང་ཤེལ་དགོན་བཀྲ་ཤིས་ལྗོངས་སུ་ཉམས་ལེན་རྡོ་རུས་ཐུག་པ་གནང་། སྡེ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཉི་མ་དང་། རྗེ་ཤེས་རབ་རྒྱ་མཚོ། ཨ་རོལ་སྤྲུལ་སྐུ་བློ་བཟང་ལུང་རིགས་རྒྱ་མཚོ་སོགས་ལ་ཟབ་ཆོས་མང་དུ་སྤེལ། |
{{#arraymap:ཞོ་འཕོང་འཇིགས་མེད་བཟང་པོ་
|; |@@@ | | }}