61110

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞོགས་དོན་ཡོད་མཁས་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་ཕག་ཕྱི་ལོ་ ༡༦༧༡ ལོར་འཕན་ཡུལ་དུ་ཡབ་ཚེ་རིང་ལྷ་སྲུང་དང་། ཡུམ་ཨ་སང་གཉིས་ཀྱིས་སྲས་སུ་འཁྲུངས། མཚན་ཚེ་དབང་ལྡན་ཞེས་གསོལ། དགུང་ལོ་བདུན་པར་དགའ་ལྡན་ཁྲི་ཆེན་བློ་བཟང་དོན་ཡོད་ཀྱི་དྲུང་ལས་དགེ་བསྙེན་དང་བར་མ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་དོན་ཡོད་མཁས་གྲུབ་ཅེས་གསོལ། དགེ་སློང་ཆོས་གྲུབ་སློབ་དཔོན་ལས་ཀློག་བསླབས། བརྒྱད་ནས་བཅོ་བརྒྱད་བར་དུ་ཞོགས་གུར་སྨོན་དགོན་དུ་ཞུགས། བཅུ་དགུ་པར་དགའ་ལྡན་བྱང་རྩེར་མཁས་དབང་བློ་བཟང་དགེ་ལེགས་ལས་གཞུང་ཆེན་ལྔ་མཁས་པར་སྦྱངས། ཉེར་ལྔ་པར་ཞོགས་དགོན་པའི་དགེ་བསྐོས་ཁུར། ཉེར་དྲུག་པར་གྲུབ་དབང་བྱམས་པ་ཆོས་ལྡན་དང་། རྗེ་བཙུན་བསོད་ནམས་དོན་གྲུབ་སོགས་ལས་ལོ་མང་རིང་དབེན་པར་དཀའ་ཐུབ་ལ་བརྩོན། ཞེ་དྲུག་ནས་ལོ་གསུམ་གྱི་རིང་དུ་ཞོགས་གུར་སྨོན་གྱི་ཆོས་གྲྭར་ལོ་རེར་ཟླ་བ་གསུམ་རིང་ལམ་རིམ་གྱི་ཁྲིད་དང་། འཇིགས་བྱེད་ཀྱི་དབང་ཆེན་སོགས་བསྩལ། ང་གསུམ་པར་མི་དབང་བསོད་ནམས་སྟོབས་རྒྱལ་གྱི་རྩ་བའི་བླ་མར་གྱུར། རེ་བདུན་པ་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ཕྱི་ལོ་ ༡༧༣༧ ལོར་སྐུ་གཤེགས། གསུང་རྩོམ་ནི་བླ་མའི་རྣལ་འབྱོར་ཀུན་མཁྱེན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་དང་། ཟབ་མོ་དབུ་མའི་ལྟ་ཁྲིད། ཞལ་གདམས་མགུར་དབྱངས་བཅས་པོད་གཅིག་བཞུགས།
Synonyms ཚེ་དབང་ལྡན། དོན་ཡོད་མཁས་གྲུབ།

{{#arraymap:ཞོགས་དོན་ཡོད་མཁས་གྲུབ་

|; |@@@ | | }}