61112
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་དགུ་པའི་མེ་བྱི་ཕྱི་ལོ་ ༡༥༡༦ ལོར་ཞོགས་ཀྱི་གྲམ་ཕུར་འཁྲུངས། སྟག་རྩེ་རིན་ཆེན་སྒང་གི་འཐུ་བཙུན་མཛད། མདོ་སྔགས་རིག་གནས་མ་ལུས་སྦྱངས་པར་མཛད། རྒྱུད་སྨད་དང་། བྱང་རྩེ། སྟག་རྩེ་རིན་ཆེན་སྒང་བཅས་ཀྱི་བླ་མ་གནང་། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་པའི་ཤིང་ཕག་ཕྱི་ལོ་ ༡༥༧༥ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་བརྒྱད་རིང་བསྐྱངས། རྗེ་བཙུན་བྱམས་མགོན་གྱི་གོས་སྐུ་ཆེན་པོ་བཞེངས། ས་ཡོས་ཕྱི་ལོ་ ༡༥༧༩ ལོ་ནས་བཟུང་ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུར་ཕེབས། རེ་བདུན་པར་མངོན་དགར་བཞུགས་མཛད། ཆོས་རྗེ་མངོན་དགའ་བར་གྲགས། ཆོས་སྡེ་དགུང་སྨོན་དུ་སྤོས། དར་རྒྱས་ཆེ་བ་བྱུང་། དོན་ལྔ་པ་རབ་བྱུང་བཅུ་པའི་ལྕགས་སྟག་ཕྱི་ལོ་ ༡༥༩༠ ལོར་སྐུ་གཤེགས། དངུལ་གདུང་བྱང་ཆུབ་མཆོད་རྟེན་ནི་མཆོད་ཁང་གསར་མར་གྲགས་པའི་དབུས་སུ་བཞུགས། དུས་མཆོད་ཀྱང་ལེགས་པར་ཚུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཉེར་བཞི་པ་ཡིན། |
Synonyms | མངོན་དགའ་བ་བྱམས་པ་རྒྱ་མཚོ། |
{{#arraymap:ཞོགས་བྱམས་པ་རྒྱ་མཚོ་
|; |@@@ | | }}