6112

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅིག་ཏུ་དཀར་བའི་ལས་ (1)
Part of speech མིང་ཚིག
Definition ལས་དཀར་རྣམ་སྨིན་དཀར་བ་དང། །བསམ་པ་དག་པའི་སྦྱིན་པ་སོགས། །གཉིས་ཀ་དཀར་བས་མཁས་པས་བྱ། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་གསུངས་ལ། དེའི་འགྲེལ་བ་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས། དུས་ཀྱི་ཀུན་སློང་དགེ་སེམས་ཀྱིས་བྱས་ཤིང། རྒྱུའི་ཀུན་སློང་ཡང་དགེ་སེམས་དང་ལྡན་པས་སྦྱོར་བ་དགེ་བ་འབའ་ཞིག་གིས་གྲུབ་པའི་ལས་དེ་དཀར་བ་ཁོ་ན་ཡིན་ནོ། །
Example བསམ་པ་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་སྦྱིན་པ་རྣམ་པར་དག་པ་བཏང་ན་འཁོར་ལོས་བསྒྱུར་བའི་འབྱོར་བར་ཟད་མི་ཤེས་པ་འབྱུང་བ་སོགས་རྣམ་པར་སྨིན་པ་བདེ་སྐྱིད་འབྱུང་བས་དཀར་བའོ་ཞེས་སོ། །
Domain ཆོས་ལུགས།

{{#arraymap:གཅིག་ཏུ་དཀར་བའི་ལས་

|; |@@@ | | }}