61166
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ཕྱི་ལོ་ ༡༧༤༡ ལོར་གཙང་བཀྲ་ཤིས་རྩེར་ཡབ་སྡེ་བ་ཐང་ལྷ་དང་། ཡུམ་ཉི་ཟླ་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་ཀརྨ་པ་དང་། སི་ཏུ། འབྲི་གུང་ཡབ་སྲས། འབྲུག་པ་ཡབ་སྲས། ས་སྐྱ་པ་རིག་འཛིན་ཆེན་པོ་བཅས་དགོངས་པ་གཅིག་མཐུན་གྱིས་ཞྭ་དམར་བའི་ཡང་སྲིད་དུ་ངོས་བཟུང་། མཚན་ལ་དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ཞེས་གསོལ། སི་ཏུ་རིན་པོ་ཆེ་ལས་མདོ་རྒྱུད་མན་ངག་མ་ལུས་མནོས། རིག་འཛིན་ཆེན་པོ་དང་དཔའ་བོ་སོགས་ལས་ཀྱང་བཀའ་ཆོས་མང་དུ་གསན། ལྷ་ལྡན་དང་། མཚུར་ཕུ། །ཡངས་པ་ཅན། འདམ་གཞུང་། ན་ཅུ། སྡེ་དགེ་སོགས་སུ་འགྲོ་དོན་མཛད། གར་དབང་དྲུག་པ་དང་། བརྒྱད་པའི་གདུལ་བྱ་ལྷག་མ་དགོངས་ནས་བལ་ཡུལ་དུ་ཕེབས་འདུན་ཡོད་པ་དང་། སྲིད་སྐྱོང་ཀུན་གླིང་སྟག་ཚག་མཆོག་གིས་བལ་བོད་འཁྲུགས་ཟིང་ཆིངས་སྒྲིག་ཆེད་དུ་བལ་ཡུལ་དུ་ཕེབས། ལམ་ཁ་ནས་བལ་དམག་བོད་དུ་བཙན་འཛུལ་བྱས་པས་གཞུང་སའི་བཀའ་བཞིན་མ་གྲུབ་སྟབས། བལ་དམག་སྔོན་ཁྲིད་དང་དགྲ་ཕྱོགས་དང་གཅིག་པར་ཡིན་སྐད་ཀྱི་དགོངས་ཕོག་གིས་གདན་ས་ཡངས་པ་ཅན་སྒོ་ཐེལ་བསྐྱོན་པ་དང་། སྣོད་བཅུད་གཞུང་བཞེས་མཛད་པར་མ་ཟད། ཡང་སྲིད་ངོས་འཛིན་མི་ཆོག་པའི་བཀའ་ལུང་བསྒྲགས། ང་གཅིག་པ་ རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༧༩༡ ལོར་བལ་ཡུལ་དུ་སྐུ་གཤེགབལ་ཡུལ་དུ་ཞི་བར་གཤེགས་ཏེ། ཡུལ་དེ་གར་ཞྭ་དམར་བའི་སྐུ་གདུང་མཆོད་རྟེན་བཞེངས་པ་ད་ལྟའང་ཡོད་སྐད། ཞྭ་དམར་བའི་སྐུ་ཕྲེང་བཅུ་པ་ཡིན། |
Synonyms | དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ། |
{{#arraymap:ཞྭ་དམར་བ་ཆོས་གྲུབ་རྒྱ་མཚོ་
|; |@@@ | | }}