61171
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཉིས་པའི་ཤིང་ཕག་ཕྱི་ལོ་ ༡༦༩༥ ལོར་བལ་ཡུལ་ཡོལ་མོ་གངས་རར་ཡབ་སྔགས་འཆང་ཀརྨ་གུ་རུ་དང་། ཡུམ་སྦྱིན་པ་བཟང་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དུས་གསུམ་གསལ་གཟིགས་ཐུབ། ཆོས་རྗེ་ཡེ་ཤེས་རྡོ་རྗེས་ཀརྨ་སྐུ་འཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་དང་གཙུག་ཕུད་བཞེས། བལ་པོ་རྒྱལ་པོས་ཡུམ་བུར་སྤྱན་དྲངས། དེར་ཡོད་ཕྱི་རོལ་པཎྜི་ཏ་རྣམས་ཀྱིས་ཞལ་མཇལ་བ་ཙམ་གྱིས་དད་ཅིང་བསྔགས། བདུན་པར་བལ་ཡུལ་ནས་འོག་མིན་མཚུར་ཕུར་ཆོས་སྤྱན་དྲངས། རྗེ་ཡེ་ཤེས་རྡོ་རྗེས་ཞྭ་དམར་ཅོད་པན་གསོལ། ཉེར་བདུན་པར་བོད་གཞུང་ནས་ཡངས་པ་ཅན་བདག་སྤྲོད་ཆོག་པའི་བཀའ་ལུང་ལྟར་རྩིས་ལེན་མཛད། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བླ་མར་གྱུར། ཏྲེ་ཧོ་བསྟན་འཛིན་དར་རྒྱས་དང་གོ་ཤྲཱི་དོན་ཡོད་སྙིང་པོ་སོགས་ལས་བཀའ་བརྒྱུད་ཀྱི་ཟབ་ཆོས་གསན། རིག་འཛིན་སྟག་ཤམ་པའི་གཏེར་ཆོས་དང་། གཏེར་རྫས་ཕུལ་ནས་རྩ་བའི་ཆོས་བདག་ཏུ་བཀུར། དུལ་མོ་ཆོས་རྗེ་སོགས་བཤེས་གཉེན་དུ་མ་ལས་ཟབ་ཆོས་དབང་ཁྲིད་སྣ་ཚོགས་གསན། སྐབས་དེར་སྡེ་སྲིད་སྐུ་བཀྲོངས་ནས་བོད་ཁམས་ལྷ་བཟང་ཧན་གྱིས་དབང་བསྒྱུར་བའི་སྐབས་རྒྱལ་པོའི་མདུན་དུ་ཡང་རྗེ་ཚངས་དབྱངས་རྒྱ་མཚོ་ལྔ་པའི་ཡང་སྲིད་ཡིན་ཚུལ་སོགས་དྲང་པོར་གསུངས། ཀརྨ་པ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་བཅས་ལྷན་དུ་མཚུར་ཕུར་ཁྲི་འདོན་དབང་ཁྲིད་སོགས་མཐའ་ཡས་པ་བསྩལ། འབྲུག་ཐམས་ཅད་མཁྱེན་པ་ངོས་འཛིན་གནང་། བལ་ཡུལ་སོགས་ས་ཆ་མར་ཕེབས་ནས་འགྲོ་དོན་མཛད་པ་དང་། སློབ་མའི་ཚོགས་ཀྱང་མཐའ་ཡས་པ་མཆིས། སི་ཏུ་རིན་པོ་ཆེ་ལ་སྙིང་པོ་དོན་གྱི་བསྟན་པ་གཏད། སོ་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ཕྱི་ལོ་ ༡༧༣༢ ལོར་སྐུ་གཤེགས། ཞྭ་དམར་བའི་སྐུ་ཕྲེང་བརྒྱད་པ་ཡིན། |
{{#arraymap:ཞྭ་དམར་བ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་
|; |@@@ | | }}