61179
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དམ་པ་འདི་ཉིད་རབ་བྱུང་བཅུ་གཅིག་པའི་ལྕགས་གླང་ཕྱི་ལོ་ ༡༦༦༡ ལོར་མཚོ་སྔོན་ཨ་རིག་གི་རྒྱུད་ཞྭ་དམར་རིགས་སུ་འཁྲུངས། ཡབ་ལ་ཀརྨ་སྐྱབས་ཟེར། དབུས་སུ་བྱོན་ནས་འབྲས་སྤུངས་སྒོ་མང་དང་རྒྱུད་སྨད་དུ་སློབ་གཉེར་གནང་སྟེ་རིགས་པའི་རྩེར་སོན། དབུས་ཀྱི་གདན་ས་དག་གི་ཁྲོད་ན་དུས་ཐོག་དེར་འདི་བའི་རྩོད་ཟླ་ཐུབ་མཁན་དཀའ་བར་གླེང། ཀུན་མཁྱེན་འཇམ་དབྱངས་བཞད་པ་བདེ་ཆེན་དུ་ཕེབས་སྐབས། སྟོན་ཆེན་དང་པོའི་བཞུགས་གྲལ་དུ་བཀའ་བཅུ་ངག་དབང་བཀྲ་ཤིས་པ་དང་མཉམ་དུ་ཚོགས་གླེང་མཛད་པས། ཕྱོགས་གླང་དང་ཆོས་གྲགས་གཉིས་དམ་པའི་ཆོས་ཀྱི་བརྒལ་བརྟག་ལ་གདན་འཛོམས་པ་ལྟར་གྱུར་པས། ཀུན་མཁྱེན་འཇམ་དབྱངས་བཞད་པ་མཁས་གྲགས་ཆེ་ཡང་དོན་ལ་རྗེ་འདི་བ་མཁས་པའི་གྲགས་པ་འབར། ང་བཞི་པ་ཤིང་རྟ་ལོར་ལ་མོ་བདེ་ཆེན་གྱི་ཁྲིར་ཕེབས། རེ་དྲུག་པ་མེ་རྟ་ཕྱི་ལོ་ ༡༧༢༦ བར་བསྐྱངས། |
{{#arraymap:ཞྭ་དམར་སྐུ་ཕྲེང་དང་པོ་ངག་དབང་འཕྲིན་ལས་
|; |@@@ | | }}