6118
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། དབུ་མའི་ལུགས་ཀྱི་སྟོང་ཉིད་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིག་ཅིག་སྟེ། དབུ་མ་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག།།ཡང་དག་པར་ནི་གཅིག་པ་དང། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །བདེན་པར་མེད་དེ་གཟུགས་བརྙན་བཞིན། །ཞེས་འབྱུང་བའི་ཕྱིར། གཟུགས་བརྙན་བདེན་པར་མེད་པའི་རྒྱུ་མཚན་ནི་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཕྱིར། བྱད་བཞིན་དུ་སྣང་ཡང་བྱད་བཞིན་དུ་མེད་པའི་ཕྱིར་ཏེ། བྱད་བཞིན་དང་སྡོད་ལུགས་འགལ་བ་ཁོ་ན་ཡིན་པའི་ཕྱིར་ཏེ། བྱད་བཞིན་གྱི་ངོས་ཤར་ལ་ལྟས་ན། དེའི་གཟུགས་བརྙན་གྱི་ངོས་ནི་ནུབ་ལ་ལྟ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། |
Example | གཟུགས་བརྙན་བཞིན་ལྟ་བུ། |
Domain | ཆོས་ལུགས། |
{{#arraymap:གཅིག་དུ་བྲལ་
|; |@@@ | | }}