61185

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞྭ་ནག་པ་ (1)
Part of speech མིང་ཚིག
Definition ཀརྨ་པཀྵི་ལ་ཧོར་རྒྱལ་པོས་ལས་ཀའི་ཞྭ་ནག་གསེར་མདོངས་ཅན་ཞིག་གནང་བས་དེ་ཕྱིན་གྱི་སྐྱེ་བརྒྱུད་རྣམས་ལ་ཞྭ་ནག་ཅན་དུ་གྲགས། དེའི་བརྒྱུད་རབས་དང་པོ་དུས་གསུམ་མཁྱེན་པ་དགུང་ལོ་བརྒྱད་ཅུ་གྱ་བཞི་པ་རབ་བྱུང་གསུམ་པའི་ཆུ་གླང་ལོར་འདས། གཉིས་པ་ཀརྨ་པཀྵི་ཤིང་བྱི་ལོར་འཁྲུངས། དགུང་ལོ་བརྒྱད་ཅུ་བཞུགས་ཤིང༌། རབ་བྱུང་ལྔ་པའི་ཆུ་ལུག་ལོ་ལ་འདས། དེ་ནས་སྤྲུལ་སྐུ་རིམ་པར་བྱོན་པ་གསུམ་པ་རང་བྱུང་རྡོ་རྗེ་དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ས་ཡོས་ལོ་ལ་འདས། བཞི་པ་རོལ་པའི་རྡོ་རྗེ་དགུང་ལོ་བཞི་བཅུ་ཞེ་བཞི་པ་ཆུ་ཕག་ལོ་ལ་འདས། ལྔ་པ་དེ་བཞིན་གཤེགས་པ་དགུང་ལོ་སུམ་ཅུ་སོ་གཉིས་པ་རབ་བྱུང་བདུན་པའི་ཤིང་ལུག་ལོ་ལ་འདས། དྲུག་པ་མཐོང་བ་དོན་ལྡན་དགུང་ལོ་སོ་བརྒྱད་པ་རབ་བྱུང་བརྒྱད་པའི་ཆུ་བྱ་ལོར་འདས། བདུན་པ་ཆོས་གྲགས་རྒྱ་མཚོ་དགུང་ལོ་ང་གསུམ་པ་མེ་སྟག་ལོར་འདས། བརྒྱད་པ་མི་བསྐྱོད་རྡོ་རྗེ་དགུང་ལོ་ཞེ་བརྒྱད་པ་རབ་བྱུང་དགུ་པའི་མེ་ཡོས་ལོར་འདས། དགུ་པ་དབང་ཕྱུག་རྡོ་རྗེ་དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་པའི་ཆུ་ཡོས་ལོར་འདས། བཅུ་པ་ཆོས་དབྱིངས་རྡོ་རྗེ་དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་འདས། བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་དགུང་ལོ་ཉེར་བདུན་པ་རབ་བྱུང་བཅུ་གཉིས་པའི་ཆུ་རྟ་ལོར་འདས། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་དགུང་ལོ་སུམ་ཅུ་པ་ཆུ་བྱི་ལོར་འདས། བཅུ་གསུམ་པ་བདུད་འདུལ་གྲགས་པ་རྡོ་རྗེ་དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ལོ་ལ་འདས། བཅུ་བཞི་པ་ཐེག་མཆོག་རྡོ་རྗེ་དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ལོ་ལ་འདས། བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་དགུང་ལོ་དོན་བརྒྱད་པ་རབ་བྱུང་བཅོ་ལྔ་པའི་ཕག་ལོ་ལ་འདས།

{{#arraymap:ཞྭ་ནག་པ་

|; |@@@ | | }}

ཞྭ་ནག་པ་ (2)
Part of speech མིང་ཚིག
Definition ཞྭ་ནག་པོ་གྱོན་མཁན་གྱི་མིང་།

{{#arraymap:ཞྭ་ནག་པ་

|; |@@@ | | }}