61198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞྭ་ལུ་པ་ལེགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཤིང་ཡོས་ཕྱི་ལོ་ ༡༣༧༥ ལོར་གཙང་ཞྭ་ལུར་སྐུ་འཁྲུངས། ཆུང་་དུས་ནས་ཞྭ་ལུ་དགོན་པར་ཞུགས། རབ་བྱུང་བསྒྲུབས་ཏེ་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། རྗེ་ཙོང་ཁ་ཆེན་པོ་བསྟེན། དགའ་ལྡན་དགོན་ཕྱག་འདེབས་སྐབས་དབུ་མཛད་གནང་། འཕྱོངས་རྒྱས་པ་ཧོར་དཀོན་མཆོག་རིན་ཆེན་གྱིས་གདན་དྲངས། རྒྱལ་ཁབ་རྩར་པ་དམག་དཔུང་དུ་མཐོང་བའི་སྤྲུལ་བསྒྱུར་དང་། དབྱངས་འཆར་གྱི་སྒོ་ནས་ལུམ་འདོན་པ་སོགས་མཛད་པ་ངོ་མཚར་བ་བསྟན། རིགས་སྲས་བསྐྲུན་པའི་ཆོ་ག་གནང་བས་ཧོར་རྡོ་རྗེ་ཚེ་བརྟན་འཁྲུངས། རི་བོ་བདེ་ཆེན་བཏབ་པ་སོགས་དགེ་ལུགས་པའི་ཡོན་བདག་ཏུ་གྱུར། རེ་གཉིས་པ་རབ་བྱུང་བདུན་པའི་ས་རྟ་ཕྱི་ལོ་ ༡༤༣༨་ལོར་དགའ་ལྡན་གསེར་ཁྲིར་ཕེབས། གསེར་ཁྲི་ལོ་བཅུ་གསུམ་རིང་བསྐྱངས། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར། དོན་ལྔ་པ་ རབ་བྱུང་བརྒྱད་པའི་ལྕགས་རྟ་ཕྱི་ལོ་ ༡༤༥༠ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བཞི་པ་ཡིན།

{{#arraymap:ཞྭ་ལུ་པ་ལེགས་པ་རྒྱལ་མཚན་

|; |@@@ | | }}