61201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞྭ་སེར་ཅོད་པན་འཆང་བའི་ལུགས་ (1)
Part of speech མིང་ཚིག
Definition དེ་ཡང་སྔར་བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་དབུས་སུ་འབྱོན་ཁར། དབུ་ཞྭ་སེར་པོ་བཞེས་འཕྲོ་ཞིག་གནང་ནས་འདི་གྱོན་ལ། ང་རྗེས་སུ་དྲན་པར་གྱིས་གསུང་བར་བརྟེན་ནས། སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱིས་དབུ་ཞྭ་སེར་པོ་མནབས་པ་ཡིན་པས། རྗེ་ཙོང་ཁ་པ་ཆེན་པོ་ཀྱང་འདུལ་བའི་བསྟན་པ་ཉམས་པ་གཞི་ནས་གསོ་བའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་རྣམས་དང་མཐུན་པའི་སེར་པོ་མཛད་པར་བརྟེན། རྗེའི་རིང་ལུགས་ལ་ཞྭ་སེར་ཅོད་པན་འཆང་བའི་ལུགས་ཞེས་གྲགས་སོ། །

{{#arraymap:ཞྭ་སེར་ཅོད་པན་འཆང་བའི་ལུགས་

|; |@@@ | | }}