61206

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་ཉེར་གཉིས་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་སོ་དང༌རྐན། བྱེད་པ་ལྕེ་རྩེ་དང་ཤིན་ཏུ་ཉེ་བ། སྒྲ་འབྱིན་ཚུལ་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མོ་ཡིག་ཅིག
ཟ་ (1)
Part of speech བྱ་ཚིག
Definition ཟས་བལྡད་ནས་མུད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བཟའ།, ཞོགས་ཟས་སྔ་མོ་ནས་བཟའ་དགོས།]
Present [ཟ།, ཟ་མ་ཟ་བཞིན་གཏམ་མ་བཤད།]
Past [བཟས།, ཟ་མ་ལེགས་པར་བཟས་ཟིན།]
Imperative [ཟོ།, མངར་ཟས་ཟོ་དང་འཕྲོད་སྟེན་ལ་ཕན་ལྟ་བུ།]
ཟ་ (2)
Part of speech བྱ་ཚིག
Definition རྣམ་རྟོག་འདྲ་མིན་སྐྱེ་བའམ་འབྱུང་བའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Future [ཟ།, དོན་མེད་ལ་དོགས་པ་ཟ་མི་རུང་།]
Present [ཟ།, དོགས་པ་ཟ་མཁན་གྱི་མི།]
Past [ཟོས།, དོགས་པ་ཟོས་ནས་ཡིད་ཆེས་བརླགས་ལྟ་བུ།]
ཟ་ (3)
Part of speech བྱ་ཚིག
Definition འཕྲོ་བརླགས་སུ་ཕྱིན་པའི་དོན།
Future [ཟ།, ཕ་ནོར་བདག་པོ་མ་བྱས་ན་ཆུད་ཟ་འགྲོ།]
Present [ཟ།, རྒྱན་འཇོག་ཤྭ་རྩེད་ནི་རྒྱུ་ནོར་ཆུད་ཟ་བྱེད་ཡིན།]
Past [ཟོས།, ཕུགས་ནོར་ཆུད་ཟོས་ལ་ཤོར་ལྟ་བུ།]