61209
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁ་ཟས་ཀྱི་དྭངས་མ་ལུས་ཟུངས་སུ་མ་གྱུར་ནས་དྲི་ཆུ་དང་ལྷན་དུ་ཕྱིར་བབ་པའི་གཅིན་སྙིའི་ནད་ཀྱི་ནང་ཚན་ཞིག རླན་ཅན་གྱི་མལ་དུ་རྒྱུན་རིང་གནས་པ་སོགས་ཀྱིས་མཁལ་མའི་ནུས་པ་ཉམས་ནས། ཆུ་ཁམས་ཀྱི་སྙིགས་མ་དང་ལུས་ཟུངས་གཉིས་ཕྱེ་མ་ནུས་པ། ཟུངས་དང་འདྲེས་པའི་དྲི་ཆུ་ལྒང་པའི་གནས་སུ་དུས་མིན་དུ་ཟགས་ནས་ཕྱིར་བབས་པའི་གཅིན་མདོག་རྙོག་ཅན་གྱི་མིང་ངོ། དེར་ཟ་ཁུ་ཞེས་བརྗོད་པའི་དོན་ནི་གཅིན་དེ་ཟུངས་དང་འདྲེས་པའི་ཕྱིར་ལུས་ཀྱི་སྟོབས་མདངས་རྣམས་ཟ་བ་ལྟར་ཉམས་པར་འགྱུར་བའི་ཕྱིར་མིང་ཡང་དེ་ལྟར་དུ་གྲགས་ཏེ། རྒྱུད་ཆེན་གཅིན་སྙིའི་ལེའུར། ཟུངས་དང་འདྲེས་ཕྱིར་ཤིན་ཏུ་གསོ་དཀའ་ཡིན། ཞེས་གསུངས་པ་ལྟར་དང། ལར་གཅིན་སྙི་ཡིན་ཚད་ཟ་ཁུ་ཡིན་པར་ངོས་འཛིན་མི་རུང་སྟེ། རྗེ་ཟུར་མཁར་བས། གཅིན་སྙི་ཡིན་མིན་གཅིག་པའི་གྲངས་ལ་བརྟག ཟ་ཁུ་ཡིན་མིན་གཅིན་པའི་མདོག་ལ་བརྟག ཅེས་གསུངས་པའང་ཤེས་པར་གྱིས་ཤིག ཅེས་གསུངས་པ་ལྟར་དང། གཞན་ཡང་མོ་ནད་དང། རྨའི་སྐབས་ཟ་ཁུ་ཞེས་འབྱུང་བས་རིམ་བཞིན་ཟླ་མཚན་དང་རྣག་ཁྲག་གི་མདོག་རྒྱུ་མ་རུལ་བའི་ཁུ་བ་ལྟ་བུ་ལ་ངོས་འཛིན་དགོས་པ་ཡང་མཆིས་པས་སྐབས་ཐོབ་ལྟར་གོ་བར་བྱ། |
Domain | གསོ་རིག |
{{#arraymap:ཟ་ཁུ་
|; |@@@ | | }}